R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༨
[A:༣༨༨]སྐྱ་མང་པོས་དད་གུས་རྩེ་གཅིག་པས་མཇལ་ཁ་དང་བཀའ་ཆོས་ཞུས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། རྗེ་ཉིད་ནས་སྨོན་ལམ་ཆེན་མོར་མང་འགྱེད་རྣམ་བཞག་སྟོབས་ཆེ་བ་དང་། དབུས་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ་མཐའ་དག་ལ་མང་འགྱེད་སྩལ། དེ་ནས་ཀྱང་བསམ་ཡས་ཆོས་སྐྱོང་ཆེན་པོས་འཕྲལ་འབྱོན་ཞུ་བར་འབྱོར་བསྟུན། མཆོད་ཡོན་ལ་ཡང་དེ་ཚུལ་གནང་བར། རྒྱལ་དབང་མཆོག་དབྱིངས་ས་ཕྱག་མཛོད་རིན་པོ་ཆེ་བཅས་ནས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། མཆོད་ཡོན་གྱི་སྐུ་འཁོར་རགས་བསྡུས་ཀྱིས་གྲུ་ཁ་བར་ཕེབས་སྐྱེལ་བཀའ་དྲིན་བསྐྱངས་གནང་ཆ་གྱ་ནོམ་པ་སྩལ། བསམ་ཡས་ཟུང་མཁར་དུ་ཕེབས་ཚེ་མཁན་ཚང་པ་སོགས་ཕེབས་བསུར་འབྱོར་ཕྱིར་ཉིན་སེར་ཕྲེང་གི་བཀོད་པས། སྐྱིད་ཤོད་ཞབས་དྲུང་ནས་ཀྱང་ཕེབས་བསུ་རྒྱ་ཆེན་དང་བཅས་ཕོ་བྲང་དུ་ཕེབས། དེའི་སང་ཉིན་པེ་ཧར་ལྕོག་གི་རྩེར་བསངས་མཆོད་རྒྱས་པར་གནང་། ཆོས་སྐྱོང་ཆེན་པོ་ཡང་འཕྲལ་དུ་རང་ཕེབས་བྱུང་བར། རྗེ་ཉིད་དཔོན་སློབ་རེ་ཞིག་ལྕོག་གི་ཕྱིར་ཕེབས། ཆོས་སྐྱོང་གི་སྐུ་ཆས་བཞེས་གྲུབ་པའི་བརྡའ་སྦྱོར་དང་བསྟུན་སླར་ཕེབས་ཚེ། ཞལ་ངོ་སྔོན་མ་རྣམས་ལ་ཆོས་སྐྱོང་གི་ཕེབས་བསུ་རྡོ་སྐས་ཀྱི་མགོ་ལས་བྱོན་སྲོལ་མེད་ཀྱང་། དེ་ཉིན་སྐས་ལེན་ལ་རིང་སྟབས་རྒྱུག་འདྲལ་དང་བཅས་ཁྱམས་ར་འོག་མའི་ཕྱི་སྒོ་བར་དུ་ཕེབས་