R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༩
[A:༣༨༩]བསུར་བྱོན། ལྷ་མི་ལྷན་ཅིག་རྡོ་སྐས་རྩེར་ཕེབས་ཚེ། ཆོས་སྐྱོང་ཆེན་པོས་པཎྜི་ཏས་བསྟན་པ་དར་བའི་ཕྱིར་དུ་ལྷ་རྒྱལ་ཐང་གསུམ་བོས་གསུངས་པ་བཞིན། དེར་ཚོགས་མི་ཁྲོམ་དམར་ནག་གི་ལྷ་རྒྱལ་ཐང་གསུམ་བོས་ནས་ལྷ་མི་གཉིས་ཁྲིའུ་ཆུང་སོ་སོར་བཞུགས་པར་ཆོས་སྐྱོང་ཉིད་དད་གུས་ཀྱི་རྣམ་འགྱུར་སྐུ་འཁྲིལ་འཁྲིལ་འདར་བ་དང་བཅས་པས་གསུང་གླེང་མང་དུ་མཛད་མཐར། སྔོན་སློབ་དཔོན་པདྨའི་ཕྱག་ནས་ཅན་གྱི་གདུག་འདྲེའི་སྡིག་ཁྲབ་ཤ་གོས་དང་བཅས་པ་འདི་ལ་ཁྱེད་ས་སྐྱ་དགེ་བཤེས་རྣམས་མ་གཏོགས་སུས་ཀྱང་ཞིག་གསོས་མི་གཏུབས་པས་ད་ལན་ཀྱང་དེ་བཞིན་དགོས་པ་དང་། ལྕོག་གི་ཡོ་བྱད་རྣམས་དེབ་ཏུ་འཁོད་ནས་དགེ་བཤེས་ཀྱི་ཕྱག་དམ་འབྱར་མ་དགོས་གསུངས་པ་ལྟར་འཕྲལ་བསྒྲུབས་གནང་ནས། དེབ་ཡིག་མཁན་ཚང་རབ་འབྱམས་པའི་ལག་ཏུ་བཞག་ཅིང་། ཚེས་གསུམ་ཉིན་སྐུ་ཕེབས་གཟབ་མར་ཁྲབ་གདན། གསོལ་ཁྲབ། དབུ་རྨོག་རྣམས་གསོལ་ཏེ་ཉམས་གསོ་གྲུབ་པ་ཁྲོམ་ཚོགས་ལ་ངོམ་པ་ལྟར་གྱི་དགྱེས་ཚོར་མཛད། རྗེ་ཉིད་ནས་ཀྱང་རྟེན་རྫས་ཡོ་བྱད་སྤྱན་གཟིགས་རྒྱ་ཆེན་སྩལ། སྐྱིད་ཤོད་ཞབས་དྲུང་ཡང་དད་སྤྲོའི་ཐུགས་ཡིད་འཕྲོག་པས་བཀའ་ཆོས་མང་པོ་ཞུས། སྔོན་དུས་ས་སྐྱ་ནས་ཤི་འདྲེ་མང་པོ་ལུས་ངན་སྤང་སྟེ་གནས་སྤར་བའི་སྙན་གྲགས་ལ་བརྟེན་ཀོང་པོའི་ཕྱོགས་ནས་ཀར་ལུགས་པའི་ཞོ་ཁ་