R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༢
[A:༣༩༢]བཀའ་དང་མང་འགྱེད་གནང་། རྩེ་གདོང་དུ་ཕེབས་བཞེད་ཆོས་དུ་མ་སྩལ་ཅིང་ཞལ་ངོ་ཐུགས་ནང་གཅིག་འདྲེས་ཀྱི་དགའ་སྟོན་གནང་། རིམ་པས་གདན་སར་ཕེབས། དབྱར་སྨད་དུ་བྱང་ནས་བདག་པོ་རིན་པོ་ཆེ་དང་། གོང་དཀར་ནས་སོག་པོ་བླ་མ་སོགས་གཞིས་བྱེས་མང་པོར་རྡོ་རྗེ་རྣལ་འབྱོར་མའི་ཉམས་འཁྲིད་སོགས་དབང་ལུང་ཚན་ཆེར་གནང་། སྟོན་ཀ་གསེར་མདོག་ཅན་མཁན་པོ་བྱོན་ནས་པཎ་ཆེན་ཤཱཀ་མཆོག་ནས་བརྒྱུད་པའི་ལམ་འབྲས་ཞུས་ངོར། འཇམ་མགོན་བསོད་ནམས་དབང་ཕྱུག་ཡབ་སྲས་ཀྱིས་གཙོས་པའི་ཆོས་ཞུ་བ་མང་པོར། གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པ་སྩལ། དགུང་ལོ་རེ་གསུམ་པ་ས་ཕག་ལོར་བཟང་ལྡན་ནས་མཁས་གྲུབ་ངག་དབང་རྣམ་རྒྱལ་བྱོན་ནས་གསོལ་བ་བཏབ་པའི་ངོར། འཇམ་དབྱངས་བསོད་ནམས་དབང་ཕྱུག་ཡབ་སྲས། རྗེ་བཙུན་མ། རྒྱལ་ཡུམ་ཞལ་ངོ་རྣམས་ཀྱིས་གཙོས་རགས་བསྡུས་ཤིག་ལ་འཇིགས་བྱེད་རྭ་ལུགས་རྭ་རྩེ་སེམས་འཛིན་གྱི་ཁྲིད་དང་། དེའི་ཡིག་སྐོར་གྱི་ལུང་སོགས་རྒྱ་ཆེར་སྩལ། མགོན་ཁང་སྲིད་གསུམ་ཟིལ་གནོན་གསར་བཞེངས་གྲུབ་པར་རབ་གནས་མཛད། དེ་རྗེས་ཉིས་ཐོག་ལྷ་ཁང་བཞེངས་སྐབས་ཨ་ཙ་ར་ཞིག་གིས་འཇམ་དཔལ་