R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༤
[A:༣༩༤]མཚོ་ཇི་ལྟར་གསན་པའི་ཚུལ་ནི་གསན་ཡིག་རིན་པོ་ཆེ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་དུ་གསལ་བ་ལྟར་དང་། ཇི་ལྟར་གསན་པ་དེ་དག་ཀྱང་ཐོས་ཐོབ་ཀྱི་གྲངས་འདྲེན་པ་ཙམ་མ་ཡིན་པར་ཕལ་ཆེར་ཉམས་བཞེས་སྨིན་རྒྱས་སུ་གནང་བ་ཡང་དགུ་ལོ་བཅུ་གཉིས་པར་ཀྱཻ་རྡོ་རྗེའི་གཞི་བསྙེན་མཐར་ཕྱིན་མཛད་པ་ནས་བཟུང་། དུས་སྔ་ཕྱི་ཅི་རིགས་པར། འཁོར་ལོ་བདེ་མཆོག ཕུར་པ། འཇིགས་བྱེད། སྒྲོལ་དཀར། རིགས་གསུམ་མགོན་པོ། གུར་དྲག་འཇམ་དཔལ་ནག་པོ། སེང་གདོང་མ། ཀུ་རུ་ཀུལླེ། ཁྱུང་ནག ཚོགས་བདག བསྟན་སྲུང་གུར་ཞལ་རྣམ་གཉིས་སོགས་ཀྱི་གྲངས་དུས་མཚན་མའི་བསྙེན་པ་བཞུགས་གདན་ཐོག་རེ་རེར་སྨིན་རྒྱས་གནང་ཞིང་། རྒྱུན་གྱི་ཐུགས་དམ་ནར་མར་ཡང་། ཐོ་རེངས་ལྡང་བའི་རྣོར་ནས་བཟུང་ཚེ་སྒྲུབ་ཆིག་བརྒྱུད་མ། བིར་སྲུང་། ལམ་ཟབ། དཀར་ཆ་བཞི། ལམ་དུས་རྒྱས་པ་བརྡའ་ཆིག་བརྒྱུད་བཅས། བདེ་མཆོག་དྲིལ་བུ་པའི་མངོན་རྟོགས། ནཱ་རོ་མཁའ་སྤྱོད་འཕོ་བའི་རྣལ་འབྱོར་བཅས། འབྱུང་འདུལ། བསྲུང་འཁོར་བྲག་རྫོང་མ། བླ་མ་རིན་འབྱུང་། ཞལ་གྱི་ཚེ་སྒྲུབ། སེང་འདོང་རྣམ་འཇོམས། ཛམ་ནག། ཨུ་ཙིའི་སྔགས་རིང་ཐུང་། སྨེ་བརྩེགས་སོགས་དང་། ཕྱིས་སུ་ལི་མ་ལྷ་ཁང་དང་རྒྱ་ནག་ལྷ་ཁང་སོགས་གསར་བཞེངས་མཛད་ཟིན་ནས་དེ་དག་དང་། གཟིམ་ཆུང་