R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༥
[A:༣༩༥]རྟེན་གསུམ་སོགས་ལ་བླ་མ་སོ་སོའི་གསོལ་འདེབས་སོགས་ཞལ་འདོན་བཅས་ཕྱག་བསྐོར་མང་པོགྲངས་ཚད་ངེས་ཅན་དང་། གཞན་ཡང་བཟང་སྤྱོད། བྱམས་སྨོན། བདེ་ཅན་སྨོན་ལམ། མངོན་དགའི་སྨོན་ལམ་གསུང་རྩོམ་ཅན་སོགས་བཤགས་པ་དང་སྨོན་ལམ་ཤིན་ཏུ་མང་པོ་དང་། ཐུགས་བྲེལ་ཆེ་བ་མེད་ཕྱིན་ཕྱག་དཔེ་ཤོག་བུ་རེ་ཐུགས་འཛིན་ཆགས་མེད་དང་། ཕྱི་དྲོ་ཡང་ལམ་ཟབ་ལམ་དུས་སོགས་ཕལ་ཆེར་བསྔོ་སྨོན་ཡན་ཆད་དང་། དབྱུག་གུ་མའི་བཟླས་པ། ཕུར་ཆུང་། གཏོར་བསྔོ། བསྐང་གསོ། དེ་ནས་གསུང་བཟླས་ཆག་མེད་ལ། ཡང་དག་གི་སྙིང་པོ། ཕུར་པ། བདེ་མཆོག། ཀྱཻ་རྡོར་ཡབཡུམ་གསང་འདུས། གཤེད་དམར་འཇིགས་བྱེད། གུ་རུ་ཞི་དྲག གུར་ཞལ། འཇམ་དཔལ་ནག་པོ། སེང་གདོང་མ། དབྱུག་གུ་མ། ཀུ་རུ་ཀལླེ། ཛཾ་དམར་རྣམས་ཀྱིས་ལྗགས་བཟླས་དང་། དེ་ནས་གཅོད་གདན་ཐོག་གཅིག་མ་བཅས་འདི་རྣམས་དགུང་ལོ་ཉེར་ལྔ་ནས་གདན་སའི་ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཕྱིན་གྱི་སྐུ་ཚེའི་རིང་གི་ཉམས་བཞེས་ཆག་མེད་ཕལ་ཆེར་སྨོས་པ་ཡིན་གྱིས། ཉེར་ལྔ་ཡན་ལ་དེ་དག་ཉིས་ལྡབ་སུམ་ལྡབ་ཏུ་གནང་བ་ཞིབ་པ་ནི་གསུང་ཐོ་ཞིབ་པར་ལྟར་རོ། ། དེ་དག་གི་རྒྱུན་བསྙེན་ཉུང་ཐལ་རྣམ་ཀྱང་འབྲུ་འབུམ་མ་སོང་