R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༦
[A:༣༩༦]བ་མེད་ཅིང་། མགོན་པོའི་ཡི་གེ་བདུན་ལ་བྱེ་བ་གཉིས་ཙམ། ཡི་གེ་བཅུ་གཉིས་མ་དང་ཤཱ་ས་ན་འབུམ་ཕྲག་དུ་མ། ཆོས་སྲུང་སོ་སོའི་བསྐང་གསོ་ཁྲི་ཚར་མང་པོ་གཙུག་ལག་ཁང་རྣམས་སུ་བླ་མའི་རྣལ་འབྱོར་ལ་བརྟེན་པའི་མཎྜལ་གསོལ་འདེབས་སྨོན་ལམ་རྣམས་འབུམ་ཕྲག་ལྷག་པ་དང་། བཟང་སྤྱོད་ཁྲི་ཚར་ཕྱེད་གཉིས་ལྷག་ཙམ། སྒྲོལ་མའི་མཚན་བརྒྱ་ཁྲི་ཕྲག་དུ་མ་རྣམས་ཞལ་འདོན་དང་། གཞན་ལ་ཡོན་དམར་བར་གནང་ནས་བསྙེན་པ་བྱེད་དུ་འཇུག་པར་མཛད་པ་ལ་ཨོཾ་གསུམ་མ་བྱེ་བ་སུམ་ཅུ། མ་ཎི་དུང་ཚར་ཉི་ཤུ་རྩ་གཉིས། བཟང་སྤྱོད་འབུམ་ཐེར་ཁ་ཤས། སྡིག་བཤགས་སྨོན་ལམ་ལྗགས་རྩོམ་མ འབུམ་ཐེར། རྣམ་རྒྱལ་གྱི་གཟུངས་རིང་དང་ཚེ་གཟུངས་རྣམས་ཀྱང་ཤིན་ཏུ་མང་པོ་བསྒྲུབས་པ་སོགས་ཐུན་མོང་གི་རྣལ་འབྱོར་དང་། ཁྱད་པར་གནས་སྐབས་ཀྱི་འཁོར་ཡུག་ཐམས་ཅད་དུ་མཉམ་རྗེས་གཉིས་སུ་མེད་པར་སྣང་གྲགས་རིག་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་དགོངས་པའི་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་གཅིག་ཏུ་གོམས་་པའི་འཁྲུལ་ཟད་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་བཟང་པོ་ཁོ་ན་བདག་གིར་བཞེས་པས་ཐུགས་དམ་ལམ་རྟགས་ཀྱང་རྩ་གསུམ་ལྷའི་ཞལ་གཟིགས་ལུང་བསྟན་བར་མ་ཆད་པ་དང་། འགྲོ་བ་གཞན་གྱི་འབྱུང་འགྱུར་བདེ་སྡུག་སྐྱེ་གནས་ལྐོག་གྱུར་མངོན་པར་མཁྱེན་པ་ཐོགས་པ་མེད་པ་སོགས་གྲུབ་