R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༨
[A:༣༩༨]ཤར་ཆེན་ཤེས་རབ་འབྱུང་གནས། ཤར་ཁ་ཆོས་རྗེ་འཕགས་པ་ཚུལ་ཁྲིམས་ཁུ་དབོན། དགོན་གསར་ཆོས་རྗེ་ངག་དབང་བསོད་ནམས་རྒྱལ་མཚན། བཟང་ལྡན་ཆོས་རྗེ་ཀུན་དགའ་དཔལ་འབར། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག ངམ་རིང་མཁན་ཆེན་ཚུལ་ཁྲིམས་རྒྱལ་པོ་དང་། ཀླུ་གྲུབ་དར་རྒྱས་གཉིས། ངོར་ཨེ་ཝཾ་ཆོས་རྗེ་ནམ་མཁའ་སངས་རྒྱས། དེ་ཉིད་དབོན་པོ། ཟུར་འཆད་པ་བསོད་ནམས་རྒྱ་མཚོ་སོགས་དང་། ཐུབ་བསྟན་མཁན་ཆེན་བཟོད་པ་རྒྱ་མཚོ། ཀོང་སྟོན་དོན་གྲུབ་དཔལ་བཟང་། མཁན་ཆེན་ངག་དབང་བསྟན་རྡོར་སོགས་དང་། གསེར་མདོག་ཅན་མཁན་པོ་ལྕགས་འདམ་པ་ཤཱཀྱ་བསྟན་འཛིན། བྲག་དམར་མཁན་པོ་འཇམ་དབྱངས་ཕུན་ཚོགས། ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་རྗེ་འཇམ་དབྱངས་ཆོས་བཟང་། བྱ་རྒོད་གཤོང་ཆོས་རྗེ་གྲགས་པ་རྣམ་རྒྱལ། ལུང་ཕུ་ཆོས་རྗེ་བྱམས་པ་རྒྱལ་མཚན། རྫོང་དགའ་ལྡན་གྱི་གདན་ས་པ་ངག་དབང་དཔལ་ལྡན། སླེ་ལུང་མཁན་པོ་སངས་རྒྱས་རབ་བརྟན། གོང་དཀར་རྡོ་རྗེ་གདན་གྱི་རིན་ཆེན་སྒང་པ། གསེར་གླིང་ཆོས་རྗེ། ནམ་མཁའ་མཛོད་པ། རྣམ་མཁྱེན་གྲོང་པ། ར་བ་སྨད་ཆོས་རྗེ་དཀོན་མཆོག་དཔལ་འབྱོར། དགས་པོ་གྲྭ་ཚང་གི་སློབ་དཔོན་བློ་གྲོས་བརྟན་པ། བསམ་