R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༩
[A:༣༩༩]ཡས་རབ་བྱུང་གི་གདན་ས་པ་ཀུན་དགའ་བཟང་པོ། གཅོད་ཡུལ་གྲུབ་པའི་དབང་ཕྱུག་ཆོས་རྗེ་དགྲ་ལྷ་བ། དར་མདོ་པ་ཡམ་ཆོས་རྗེ་ཀུན་དགའ་ལྷུན་གྲུབ། ལྕགས་ལ་བླ་མ་ཆོས་རྒྱ་མཚོ་རྣམས་དང་། སྒྲུབ་རྒྱུད་བསྟན་པའི་མངའ་བདག་ལྔ་རིག་སྨྲ་དབང་འབྲུག་པ་སངས་རྒྱས་རྡོ་རྗེ། སྔ་འགྱུར་བསྟན་པའི་གསལ་བྱེད་ཡོལ་མོ་སྦྲུལ་པའི་སྐུ་སྐུ་མཆེད་སོགས་གྲུབ་མཐའ་གཞན་དག་གི་དགེ་བའི་བཤེས་གཉེན་དུ་མ་དང་གདན་ས་འདི་ཉིད་ཀྱི་ལྷ་ཁང་མཁན་རིན་པོ་ཆེ་རིན་ཆེན་བློ་གྲོས། བྱམས་པ་ཕུན་ཚོགས་རིན་ཆེན། བྱམས་པ་རིན་ཆེན་རྒྱལ་མཚན། བྱམས་པ་བསམ་གཏན་རྒྱ་མཚོ། བྱམས་པ་བསོད་ནམས་བཀྲ་ཤིས་ཏེ་མཁན་རབ་སྔ་ཕྱི་རྣམས་དང་། རྒྱ་ཚོ་དཔོན་ཆོས་ལས་པ་སོགས་དང་། གོང་དུ་བགྲངས་པ་དེ་རྣམས་ཀྱང་འགྲོ་ཕན་ནུས་པ་གཙོ་བོར་སྨོས་པ་ཙམ་སྟེ། ཆོས་སྡེ་དེ་དག་དང་གཞན་ཡང་། མུས། ཡ་མ་བདེ་ལྡན། ཆོས་འཁོར་ལྷུན་པོ། ཁ་བ་ལྷ་ས། ཌ་ཌི་ཆོས་རྫོང། བཞེད་རི་སྐྱེད་ཚལ། བཅོམ་མདའ། རྒྱ་སྐབས་ནོར་བུ་གླིང་རྣམས་ཀྱི་སོ་སོའི་བླ་མ་དབོན་བརྒྱུད། ཟུར་འཆད། གྲྭ་རིགས་བགྲང་གིས་མི་ལང་བ་རྣམས་ལ་སྐལ་བ་དང་འཚམས་པའི་ཆོས་འཁོར་སྐོར་བའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་ས་བཅས་གཙོ་བོར་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཆ་ལག་རྒྱབ་བརྟེན་ལུང་དང་བཅས་པ་ཚར་བཅུ། གསང་ཆེན་