[A:༤༠༠]སློབ་བཤད་ཚར་གསུམ། ལམ་སྐོར་ཕྱི་མ་བརྒྱད་ཀྱི་འཁྲིད། བདེ་མཆོག་ནག་པོ་རིམ་བཞི། ཞེན་པ་བཞི་བྲལ། ནཱ་རོ་མཁའ་སྤྱོད། གསང་འདུས་འགོས་ལུགས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། གཅོད་ཁྲིད། བློ་སྦྱོང་རྣམས་ལན་གྲངས་མང་པོ་དང་། འཁྲིད་བརྒྱ་ཆ་ལག་བཅས་ཚར་བདུན་སོགས་ཉམས་འཁྲིད་རྒྱ་ཆེ་བ་དུ་མ་དང་། གསང་འཁྲིད་གཞན་དང་གུར་མགོན་ཕྱི་ནང་གསང་གསུམ་གྱི་ཟབ་འཁྲིད་སོགས་ཀྱང་སྣོད་དང་སྦྱར་བའི་ཚར་མང་།
གཞན་ཡང་ལུང་འཁྲིད་ལུང་བཤད་ཉམས་འཁྲིད་ཕྲན་བུ་སོགས་ཤིན་ཏུ་མང་པོ་དང་། ཀྱཻ་རྡོར་བཀའ་བབས་བཞིའི་དབང་། རྒྱུ་དབང། ལམ་དབང་། བདག་མེད་མའི་དབང་། གསང་བདེ་འཇིགས་གསུམ། ཡང་ཕུར་གུར་དྲག་སོགས་བླ་མེད་གསར་རྙིང་གི་དབང་བསྐུར་རིགས་གྲངས་མང་བ་དང་། བྱིན་བརླབ་དང་རྗེས་གནང་གི་རིགས་ནི་བགྲང་བར་དཀའ་བ་སོགས་དབང་ཁྲིད་མན་ངག་ལུང་བཤད་གང་ཡང་གོ་རིམ་ཕྱག་ལེན་གཞུང་ཚད་མ་འབྲེལ་དགོས། བོད་གཞུང་ཡང་རྒྱ་གཞུང་ཚད་མ་དང་འབྲེལ་དགོས། རྒྱ་གཞུང་ཡང་རྒྱུད་དང་འབྲེལ་དགོས་གསུངས་པའི་ཞལ་གདམས་དང་བཅས། བསྟན་པ་རིན་པོ་ཆེའི་རྒྱུན་འཆོལ་གྱིས་དོགས་པ་སྤྱན་འབྲས་བཞིན་དུ་གཅེས་སྤྲས་ངོས་རྟོགས་བཟོ་སླ་ཆོས་དང་མི་འོས་པའི་རིགས་འགྲེ་རྒྱས་འགེབ་ཕྲ་མོ་ཙམ་ཡང་མི་