R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༠༡
[A:༤༠༡]མཛད་པ་མཐའ་བཞི་དང་སྙན་བརྒྱུད་བཞི་སོགས་ཀྱི་བཤད་པ་དང་འབྲེལ་བར་འདོམས་པར་མཛད་ཅིང་། དེ་དག་གི་ཕྱག་བཞེས་ཀྱི་རྒྱུན་ཡང་རྒྱ་བོད་མཁས་གྲུབ་རིག་འཛིན་རིམ་བརྒྱུད་རྗེ་ཉིད་ཀྱི་ཡོངས་འཛིན་རྣམས་ཀྱི་བར་རྒྱུད་གཞུང་གི་དགོངས་པ་བཞིན་བཞུགས་པ་མི་ནུབ་པའི་ཆེད་དང་ཐུན་མོང་བའི་བསྟན་བཅོས་འགའ་ཞིག་བཅས་གསུང་རྩོམ་གནང་བར་ཡང་། བསྟོད་ཚོགས་གསོལ་འདེབས་སྨོན་ལམ་རིགས་བརྒྱ་དང་ཉི་ཤུ་ཙམ། ཉམས་དབྱངས་ཞལ་གདམས་ཆབ་ཤོག་སྐོར་ཆོས་ཚན་བརྒྱ་ཕྲག་ཉེ་བ། རྗེ་ཉིད་ཀྱི་གསན་ཡིག་གླེགས་བམ་གཅིག བླ་མ་བརྒྱུད་པའི་རྣམ་ཐར་རིགས་ཉི་ཤུ་རྩ་གཉིས། མདོ་ཕྱོགས་ཀྱི་བསྟན་བཅོས་ཉི་ཤུ་རྩ་གསུམ། ཆོས་འབྱུང་པོད་ལོངས་བཅུ་བཞི། སྦྱོང་རྒྱུད་ཀྱི་ཚིག་འགྲེལ། བརྟག་གཉིས་ཀྱི་ཚིག་འགྲེལ་གཉིས། སྒྲུབ་ཐབས་དཀྱིལ་ཆོག་གི་རྣམ་བཤད་རིགས་བདུན། བསྐྱེད་རྫོགས་རྣམ་བཤད་རིགས་དང་འཁྲིད་ཡིག་སྐོར་བཅུ་བདུན། སྒྲུབ་ཐབས་དཀྱིལ་ཆོག་དབང་རབ་གནས་སྦྱིན་སྲེག འཆམས་ཡིག་དབྱངས་རོལ་སོགས་ཀྱི་སྐོར་བརྒྱད་ཅུ་གྱ་གསུམ། རྗེས་གནང་བསྐང་གསོ་འཕྲིན་བཅོལ་སོགས་ཆོས་སྲུང་གི་སྐོར་ཉི་ཤུ་རྩ་བརྒྱད། དཀར་ཆག་གི་སྐོར་བཅུ་བདུན། བརྡའ་གསར་རྙིང་ཤན་སྦྱར་དང་དག་ཡིག་སོགས་ཐོར་བུ་དུ་མ་བཅས་གཞུང་གང་དང་གང་ཡིན་པ་དེ་དག་གི་དགོངས