R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༠༤
[A:༤༠༤]ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་པར་མཛད་དོ། ། ལོ་དེའི་ཟླ་བ་ལྔ་པའི་ནང་སྐོར་ནས་སྐུ་ཁམས་ཅུང་ཟད་མི་དངས་པའི་ཚུལ་སྟོན་གྱི་སྐུ་ཟུངས་ཞན་ཙམ་གྱུར་པས་ཐུགས་དམ་སྐུ་མཚམས་ལ་བཞུགས་ཏེ་གསུང་རྩོམ་རྣམས་ཀྱིས་མཇུག་བསྡུ་བར་མཛད། སྐུ་དྲུང་ན་ཡོད་པའི་ཕྱག་དཔེ་རྣམས་ལ་གདོང་དར་གླེགས་ཐག་སོགས་ཁྱད་པར་ཅན་བསྒྲུབས་ནས། ད་ཚེ་འདིར་དཔེ་ཆ་རྣམས་ལ་བེད་ཆོད་པ་ཞིག་ཡོང་བ་མི་འདུག་ཀྱང་། ཕྱིར་མི་གྱར་བ་ཆོས་སྐྱོང་ལ་འཕྲིན་བཅོལ་ཡོད་པས་དཔེ་ཁང་ཆེན་མོར་སྐྱོལ་དང་མ་འོངས་ན་བེད་ཆོད་པ་ཡོང་སྲིད་གསུངས། དེ་མུས་སུ་བསྙུན་གྱི་རྣམ་པ་ཆེར་མེད་ཀྱང་། འཚོ་བྱེད་ཟུང་ནས་འཕྲོད་སྟེན་སྣ་རེ་ཙམ་བཞེས་པ་དང་། འཚོ་བྱེད་ཟུང་ནས་འཕྲོད་སྟེན་སྣ་རེ་ཙམ་བཞེས་པ་དང་། སྣ་རིམ་ཡང་དབུས་གཙང་གི་ཆོས་སྡེ་རིས་སུ་མཆད་པ་ཡོངས་རྫོགས་ལ་མང་འགྱེད་སྟོབས་ཆེ་བ་དང་། གདན་ས་རང་དུའང་ཉེ་བསྐོར་གྱི་དགེ་འདུན་རྣམས་བསྡུ་བ་དང་བཅས་ཞལ་གྲངས་སྟོང་ཕྲག་བརྒལ་བར་བསྙེན་བཀུར་འབུལ་འགྱེད་རྒྱ་ཆེན་རྒྱུན་མ་ཆད་པར་བསྒྲུབས་ཀྱང་སྐུ་ཁམས་ལ་དངས་བསྐྱེད་བཞེས་པ་ནི་མ་བྱུང་ཞིང་། བཀའ་ལས་ཀྱང་ཁོ་བོ་མ་ཤི་བར་དུ་རོང་སྟོན་ཆོས་རྗེ་དང་སྔགས་འཆང་ཆེན་པོ་བཞིན་ཆོས་འཆད་ཉན་དང་བླ་མ་གོང་མའི་དུས་དྲན་གྱི་སྒྲུབ་མཆོད་རྣམས་ལ་འགྲོ་ཐུབ་པ་བྱེད་སྙམ་པ་ཡོད་ཀྱང་། ན་ཚོད་དང་