[A:༤༠༦]གསུངས་ཤིན་ཏུ་སྨར་བ་མང་པོ་གནང་།
འདི་སྐོར་གཟིགས་སྣང་ཁྱད་པར་ཅན་འགའ་བྱུང་ཚོད་ཡིན་འདུག་ཀྱང་གཞན་བརྡའ་ཙམ་ལས་དངོས་སུ་མ་གནང་།
རྗེ་བཙུན་རྣལ་འབྱོར་མ་དང་། ཆོས་སྲུང་ཞལ་དང་པུ་ཏྲ་ཡང་ཡང་བྱོན་པ་དངོས་སུ་གསུངས། ལན་གཅིག་ས་སྲོས་མཚམས་སྐུ་འཁོར་རྣམས་ཀྱིས་གཟིམ་ཆུང་སྟེང་དུ་ཕེབས་རན་འདུག་ཞུས་པས་ཅུང་ཟད་ལྷོད་ཅིག་གསུངས་པའི་མུ་ནས། ང་འདས་པའི་རྗེས་སུ་མེ་ཏོག་གི་ཆར་ཁ་བ་འབབ་འབབ་ཡོང་བ་འདུག་ཅེས་ཉིས་བཏུད་དུ་གནང་། དེ་སྐབས་སྡེ་པ་ནོར་བུའི་དྲུང་ཞང་ཚན་གློ་བུར་དུ་བསམ་རྩེར་བྱོན་པ་གསན་པས། སྐུ་ཚེ་དུ་མར་བསྟན་འགྲོའི་ཕན་བདེ་ཁོ་ན་ལ་གོམ་པའི་ཐུགས་ཀྱིས་མ་བཟོད་པར་མཁན་ཆེན་བསོད་ནམས་བཀྲ་ཤིས་ལ་སྡེ་པ་ཞང་ཚན་ལ་རྒྱལ་དབང་མཆོག་ནས་དགོངས་པ་གྲོལ་བ་ཡིན་ན་ལེགས་ཀྱང་། མ་གྲོལ་བ་ཡིན་ཚེ་ཁོང་ཁང་ཚན་ནས་ཀྱང་བཤགས་པ་འབུལ་བ་དང་། རྒྱལ་དབང་རིན་པོ་ཆེ་ནས་ཀྱང་བཤགས་པ་བཞེས་དགོས་ཚུལ་ཞལ་བཀོད་ཞིབ་འཐེམས་བཅས་རྫོང་བར་མཛད།
དེ་མུས་ཟླ་བ་བཅུ་གཅིག་པའི་ཚེས་ལྔའི་ཉིན་འཇམ་མགོན་བསོད་ནམས་དབང་ཕྱུག་ཞབས་ཀྱིས་གཙོས་པའི་རྡོ་རྗེའི་སློབ་མ་ཉུ་ཤས་ལ་ཟབ་ཅིང་རྒྱ་ཆེ་བའི་བཀའ་གསང་རྨད་དུ་བྱུང་བའི་