R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༠༧
[A:༤༠༧]ལུང་སྟོན་དང་། རྗེས་སུ་གནང་བའི་སྒོ་ནས་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པ་ཇི་ལྟར་འཛིན་སྐྱོང་སྤེལ་བའི་ཚུལ་རྣམས་རྒྱས་པར་གསུངས། ཚེས་བདུན་གྱི་ཉིན་སྐུ་བརྙན་རྣམས་ལ་འབུལ་རྒྱུའི་ན་བཟའ་རྣམས་ཀྱི་ཞལ་བྱང་མཛད་པར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་དྲུང་དུ་ན་བཟའ་འདིས་མཚོན་པའི་དུས་གསུམ་གྱི་དགེ་བས་ས་སྐྱ་པ་ཨ་ནནྟ་ཚེ་འཕོས་འཕྲལ་དག་པའི་ཞིང་དུ་སྐྱེས་ནས་ས་ལམ་སྐད་གཅིག་ལ་བགྲོད་དེ། སླར་ཡང་སྤྲུལ་པས་བསྟན་པ་རིན་པོ་ཆེ་དཀར་འཇམ་དུ་བྱ་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག་གསུངས་པ་སོགས་སྐུ་བརྙན་སོ་སོར་ཁ་བསྒྱུར་རྒྱུའི་གསུང་རྩོམ་གྱི་ཐ་མ་དེ་གནང་། དེ་རྗེས་ཕྱག་མཛོད་སྐུ་དྲུང་དུ་ཕྱིན་པར་ཟུར་བསྟན་གྱིས་བཀའ་མང་ཞིག་དང་། ལྷག་ཏུ་དགའ་སྟོན་སྦྱིན་གཏོང་དེ་འདིའི་ཚེས་བཅུ་ལ་ངེས་པར་ཡོང་བར་གྱིས་སོགས་འཕྲལ་ཕུགས་བསླབ་སྟོན་ཅི་ཡང་སྩལ་བས། ཕྱག་མཛོད་ནས་ད་དུང་ཞབས་པད་བསྟན་པའི་བཀའ་དྲིན་ཅི་ནས་ཆེ་དགོས་པ་དང་། ཅི་སྟེ་གསོལ་བ་མ་ཐེབས་ཕྱིན་བཀའ་བསྩལ་རིགས་ཅིས་ཀྱང་བསྒྲུབ་པར་ཞུ་ཞིང་བདག་སོགས་སྐྱེ་བ་དང་ཚེ་རབས་སུ་རྗེས་སུ་འཛིན་དགོས་ཚུལ་ཞུས་པར། ཁྱེད་རྣམས་ནམ་ཡང་བརྗེད་མི་འོང་སོགས་རྡོ་རྗེའི་གསུང་གི་ཞལ་བཞེས་ལྷུག་པར་ཕེབས། དེ་ནས་ཚེས་བཅུའི་ཉིན་ཐུགས་དམ་ལྗགས་བཟླས་ཀྱི་རིམ་