[A:༤༡༢]ཤིང་གི་བྲིས་ཐང་རྒྱུ་བཀོད་ཕུན་སུམ་ཚོགས་པ་དང་བཅས་གྲུབ་པར་འཇམ་པའི་དབྱངས་བསོད་ནམས་དབང་ཕྱུག་ཉིད་ཀྱི་གཙོ་མཛད་རྡོ་རྗེ་འཛིན་པ་ཤ་སྟག་བཅུ་ཕྲག་གསུམ་གྱི་འཁོར་དང་བཅས་པས་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པས་བྱིན་རླབས་ཀྱི་གཟི་བྱིན་འབར་བ་བསྒྲུབས། སླད་ནས་དུས་དྲན་གྱི་མཆོད་པར་རྒྱུད་འདོན་བླ་མཆོད་སོགས་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད། མགོ་ཟླར་བདེ་མཆོག་ནག་པོ་ལུགས་ཀྱི་སྒྲུབ་མཆོད་ཞག་བཅུ་གསུམ་སེར་འདུ་བཅས། སྣྲོན་ཟླར་མཆོད་འབུལ་བླ་མཆོད་ཉིན་གང་མ་སོགས་དང་། གཞན་ཡང་ངོར། གོང་དཀར། ཉང་སྟོད་རྩེ་ཆེན། གླི་ཁ་བདེ་བ་ཅན། གསེར་མདོག་ཅན། སྲིད་གསུམ་རྣམ་རྒྱལ། ཡུལ་ཆེན། ཉི་ཤར། གདོང་དགའ། བསམ་ཡས་རྣམས་སུ་ཞག་གྲངས་མང་པོར་སྒྲུབ་ཅིང་མཆོད་པ་སོགས་རྒྱ་ཆེན་བགྱིད་པའི་གཞི་རྟེན་དངོས་པོ་བསམ་གྱིས་མི་ཁྱབ་པར་སྦྱོར་བར་མཛད་དོ། །
༄༅ངག་དབང་བསོད་ནམས་དབང་ཕྱུག
ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་མགོན་དེ་ཉིད་ཀྱི་རིགས་དང་ཆོས་ཀྱི་ཐུགས་སྲས་གཅིག་པུ་འཇམ་པའི་དབྱངས་