R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༡༡
[A:༤༡༡]བ་བཞིན་བབས་པ་བཙུན་ཆུང་འགའ་རེས་ལྷ་ཁང་ཆེན་མོའི་གླིང་དབར་ནས་བཏུས་པ་ཤོག་ཐུམ་བྱས་བྱུང་བ་དང་། གདུང་ཁང་གི་དྲུང་དུ་མང་དུ་བབས་པ་ཏིང་ཕོར་གང་བཏུ་རྒྱུ་བྱུང་བ་མཆོད་རྫས་སུ་ཕུལ། དབུ་ཐོད་ཕལ་ཆེར་རིལ་བོར་བྱོན་པར་བདེ་མཆོག་དཔའ་གཅིག རྡོ་རྗེ་རྣལ་འབྱོར་མ། གུར་མགོན། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་སྐུ་བརྙན་དང་། ཡིག་འབྲུ་སོགས་ཤིན་ཏུ་གསལ་བ་དང་། རིང་བསྲེལ་དུ་མ། ཕྱིས་སུ་དུང་གི་ཚེམས་ཤིག་འཁྲུངས་པ་དེ་ཡང་རིལ་པོར་བྱོན་པ་སོགས་གདུང་རྟེན་བསམ་གྱིས་མི་ཁྱབ་པ་བྱོན། གདུང་རུས་ལྷག་མ་ཤེལ་ལྟར་དྭངས་བ་རྣམས་དྲི་བཟང་གི་ཆུས་སྦྱངས་ཏེ་འཇམ་དབྱངས་བསོད་ནམས་དབང་ཕྱུག་ཉིད་ཀྱིས་སངས་རྒྱས་བྱང་སེམས་བླ་སྐུ་སོགས་ཀྱི་སཙྪ་ཆིག་སྟོང་ཆིག་བརྒྱ་ང་གསུམ་ཕྱག་འདེབས་ལ་གསེར་ཞོ་བཅུ་དྲུག་ལྗིབ་གསོལ་མཛད་ནས་གདུང་རྟེན་རྣམ་རྒྱལ་མཆོད་རྟེན་འཛམ་གླིང་རྒྱན་མཆོག་འདི་ཉིད་དང་། རྗེ་ཉིད་ཀྱི་སྐུ་ཚབ་ཐོག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་སྐུ་བརྙན་མི་ཚད་ཙམ་པ་རྣམས་ཀྱི་བཟོ་རྒྱུ་གསེར་དངུལ་ཕྲ་རྒྱན་སོགས་བསྡོམས་པར་དངུལ་སྲང་ཁྲི་ཕྲག་གཅིག་ལྷག་པས་བཟོ་བཀོད་ཁྱད་པར་ཅན་དུ་བསྒྲུབས་པ་འདི་དག་ཏུ་གཟུགས་དང་བྱིན་རྟེན་དཔག་ཏུ་མེད་པ་བཅས་བཞུགས་ཤིང་། དེ་དང་སྟབས་གཅིག་རྒྱལ་བའི་འཁྲུངས་རབ་དཔག་བསམ་འཁྲི་