[A:༤༡༤]ལུང་བསྟན་དུའང། སྔོན་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དང་། པཎྜི་ཏ་བཅས་པའི་དམ་ཚིག་བཞི་པར་སྨྲ་སོང་དུས། ངས་བརྒྱུད་བསྐུལ་དྲག་པོ་བཏང་བས་མ་རིག་སོང་། ཕྱག་རྡོར་སྤྲུལ་པ་ལུས་ངག་ཡིད་གསུམ་ཆུ་རིས་ཀྱི་རི་མོ་ལྟར་ཡོད་པ་ལུས་སེམས་གནད་དུ་ཕོབ་ལ་འགྲོ་བ་སེམས་ཅན་གྱི་དོན་གྱིས་ཞེས་དང་། སྔོན་གྱི་དུས་སུ་ཕྱག་རྡོར་སྤྲུལ་པ་རང་གི་བཀས་གནང་། པཎྜི་ཏས་བཞེངས་པའི་མཆོད་རྟེན་ལམ་གྱི་གཡས་ཕྱོགས་ཕོ་བྲང་གི་ནུབ་ཟུར་ན་ཡོད། དེ་ལ་གཟུངས་མ་འཁྲུལ་བར་ཚུད་ལ་གཞོངས་ཞེས་སོགས་རྗེ་དི་ཉིད་ཀྱི་སྐུ་ཚེ་སྔོན་མ་འཇམ་མགོན་བསོད་ནམས་དབང་པོ་ཕྱག་རྡོར་གྱི་སྤྲུལ་པའི་པཎྜི་ཏ་ཞེས་པ་ཞ་ལུ་མཁན་ཆེན་ཏེ་དེ་ཉིད་ཌ་ཌི་གྲངས་ཞིག་ཏུ་སྐུ་སྐྱེ་བཞེས་པར་ཞལ་ཏ་ཕེབས་ཏེ་མཆོད་རྟེན་དེ་བཞེངས་པར་གསལ་ལ། འོ་ན་སློབ་དཔོན་པདྨའི་སྤྲུལ་པ་ཡིན་པར་འཆད་པའི་སྐབས་སུ་ཕྱག་ན་རྡོ་རྗེའི་སྤྲུལ་པར་བཤད་པ་ཅི་ཞིག་སྙམ་ན། དེ་ནི་སྤྱིར་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅི་གཉིད་དུ་མར་སྣང་བ་ལྟར་ལས་དོན་དུ་རིས་སུ་མེད་པ་དང་། ཁྱད་པར་རིག་འཛིན་པདྨ་ཐོད་ཕྲེང་ཉིད་ལ་བདེ་སྐྱོང་ཡིད་འཛིན་དབང་མོས་སྐྱེ་སྤྲུལ་སོགས་ཅི་ལྟར་ཞུས་པའི་ལན་ཏུ། འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོན་༔ཞེས་པ་ནས། ཆོས་དབྱིངས་གནས་སུ་ཀུན་དུ་བཟང་པོ་དང་༔