R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༡༥
[A:༤༡༥]སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ ཅེས་རྡོ་རྗེ་འཆང་དུ་དངོས་བསྟན་ལ། རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔའ་ཕྱག་རྡོར་རྣམས་ནི་ཡེ་ཤེས་གཅིག་ཉིད་ཡིན་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཞེས་སོགས་ཀྱིས་གསལ་བ་ནི་འཕྲོས་ཙམ་དང་། གཞན་ཡང་རྗེ་དེ་ཉིད་ཀྱིས་དགེ་སྡིངས་སུ་ཞ་ལུ་མཁན་ཆེན་ལས་གསུང་ངག་རིན་པོ་ཆེར་གསན་སྐབས། ངེད་ས་སྐྱའི་བཞི་ཐོག་གཟིམ་ཆུང་དུགཅིག་པུར་བསྡད་པ་ལས། འདིར་གཅིག་པུར་བསྡད་པ་བློ་བག་ཕེབས་ཤིང་ཁ་ཏོན་འཕེལ་བ་དམིགས་པ་གསལ་བ་སོགས་ཡོང་གི་འདུག་པ་སྔ་སོར་འདིར་སྡོད་ཡུན་རིང་བ་ཡིན་པ་འདྲ་ཞེས་དང་། ཡང་ཉིན་གཅིག སྔོ་མོ་ངེད་ཀྱི་སྦྱོར་དྲུག་བསྒོམས་དུས་ཀྱི་གཟིམ་ཆུང་གཏིང་མ་གི་ན་ཡོད་པས་གནམ་སྒོ་འདི་ཕྱེ་དང་ངེད་རང་རྣམས་ལྟ་བར་འགྲོ་གསུངས་པ་བཞིན་མཛད་པས། གཟིམ་ཆུང་སྒོ་བྱང་བསྟན་ཞིག་གི་ཤར་ལྷོའི་སྦུག་ཟུར་ན་གཟིམ་མལ་སྐྱོར་བཅས་སོགས་ཇི་ལྟ་བ་འདུག་པ་ཡང་སྔར་ཕན་གཞན་ལ་རྒྱུས་མེད་ཅིང་། སྐུ་ཉིད་གཏན་ནས་ཕེབས་འགྲུལ་མ་མྱོང་བར་སྔོན་གནས་རྗེས་དྲན་གྱི་ཞལ་བཞེས་ཁྱད་པར་ཅན་སོགས་མདོ་ཙམ་བརྗོད་ནས། སྐུ་ཚེ་འདི་