[A:༤༢༦]གཞིས་བྱེས་མང་བར་གསུང་ངག་རིན་པོ་ཆེ་ཆ་ལག་རག་བསྡུས་བཅས་དང་གཞན་ཡང་ཆོས་བཀའ་འདོད་སྦྱར་གནང་། དེ་ལོ་བྱང་ཆུབ་གླིང་སྤྲུལ་པའི་སྐུ་ཡོན་ཏན་རྒྱ་མཚོར་ཡང་སྒྲུབ་ཐབས་བརྒྱ་རྩ་སོགས་ཆོས་བཀའ་རྒྱ་ཆེར་སྩལ།
དགུངས་གྲངས་ཉེར་དགུར་ཕེབས་པ་ཆོས་སྡེ་ལྷོ་བྱང་ལ་འདོད་ལྷ་འགའ་ཞིག་གི་དབང་ལུང་སོགས་བསྟན་རྒྱུནལ་དགོངས་པའི་ཆོས་སྦྱིན་རྒྱ་ཆེར་གནང་། རྩེ་གདོང་ཞབས་དྲུང་བསོད་ནམས་བསྟན་འཛིན་དབང་པོ་ཕེབས་པར་ཐུགས་མཉེས་ཀྱི་མཇལ་སྤྲོ་དང་བཀའ་ཆོས་རྒྱུན་རིང་གནང་། བསམ་ཡས་ཆོས་སྐྱོང་ཆེན་པོ་ནས་སྐུ་རྟེན་པ་ཚེ་དབང་ཞུ་བར་བརྫངས་པ་བཞིན་ཚེ་དབང་མཛད། སྒར་ཆེན་ཞབས་དྲུང་དང་ཡབ་རྗེ་རིན་པོ་ཆེ་ནས་ལྷ་ཁང་ཆེན་མོར་ཕུལ་བའི་གནམ་རྒྱན་རྣམས་ཡར་མར་སྤོས་ཏེ་རྟེན་གཙོ་རྣམས་ཀྱི་དབུ་ཐོག་ཏུ་ཁྱད་གོས་འབའ་ཞིག་པའི་བླ་བྲེ་རྒྱ་ཆེན་ཕུལ། དབུ་རྩེ་རྙིང་མར་ལམ་འབྲས་བརྒྱུད་པའི་ཁ་སྐོང་དུ་ཡབ་རྗེ་རིན་པོ་ཆེའི་སྨན་སྐུ་ཡོད་པ་བདེ་ཆེན་གླིང་གི་རྟེན་གཙོར་བཞུགས་ནས་དེ་ཚབ་གསེར་ཟངས་ཀྱིས་སྐུ་བརྙན་ཁྱད་མཚར་འདི་ཉིད་བཞེངས།
དགུང་གྲངས་སུམ་ཅུ་པར་ཡང་ཞ་ལུ་མཁན་ཆེན་དེ་ཉིད་ཆེད་ཕེབས་ལྟར་དབང་ཆེན། བྱིིན་རླབས། རྗེས་གནང་གི་རིགས་བཅུ་ཕྲག་ཙམ་དང་། དབུ་སེམས་སོ་སོའི་སེམས་བསྐྱེད་ཀྱི་ཆོ་ག་