R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༢༧
[A:༤༢༧]ཉམས་འཁྲིད་ལུང་འཁྲིད་ལྗགས་ལུང་སོགས་རྣམ་གྲངས་དྲུག་ཅུ་ཙམ་གྱིས་བཞེད་དོན་རེ་སྐོང་མཛད། བྱང་བདག་རྗེ་བསོད་ནམས་གྲགས་པ་དང་། སྙེ་མོ་རྗེ་བཙུན་མ་སོགས་ཀྱིས་ཞུས་ངོར་ལམ་འབྲས་བུ་དང་བཅས་པའི་ཉམས་འཁྲིད་ཆ་ལག་དང་བཅས་པ་ཡང་སྩལ། ་དགུང་གྲངས་སོ་གཅིག་པར་རིགས་སྲས་འཇམ་པའི་དབྱངས་ཆོས་ཁྲིར་ཆེན་མོར་མངའ་གོསལ་སོགས་འོག་དེ་ཉིད་ཀྱི་རྣམ་ཐར་སྐབས་སུ་གསལ་བ་ལྟར་དང་དགའ་སྟོན་རྒྱས་པར་བསྩལ། ཉིན་གསུམ་བར་ཡབ་སྲས་ལྷན་ཅིག་ཕེབས་ཏེ་བསྟན་འགྲོའི་ཕན་བདེ་སྤེལ་བའི་གསུང་བསྔོ་བཀྲ་ཤིས་ཀྱི་མེ་ཏོག་སིལ་མ་བསྙིལ་བའི་མཐའ་བརྒྱན། འདི་ལོ་བྱང་བདག་པོ་ངག་དབང་བསོ་ནམས་གྲགས་པ་སོགས་མང་པོར་ཀྱཻ་རྡོར་བཀའ་བབས་བཞིའི་དབང་བསྐུར་ཡང་སྩལ། དགུང་གྲངས་སོ་གཉིས་པར་བྱམས་པ་ངག་དབང་རྣམ་རྒྱལ་སྐུ་གཤེགས་པའི་སྐུ་གདུང་ཞུགས་འབུལ་གཤེགས་རྫོང་སྐུ་རྟེན་དུས་མཆོད་སོགས་ཕུལ་ཕྱིན་མཛད། གཞན་ཡང་འཇམ་དབྱངས་བསོད་ནམས་དབང་པོའི་ཕྱི་རྟེན་དུ་ལྷ་བབས་མཆོད་རྟེན། སྔགས་འཆང་གྲགས་པ་བློ་གྲོས་ཀྱི་ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན། ཡབ་རྗེ་དམ་པའི་ཕྱི་རྟེན་བྱང་ཆུབ་མཆོད་རྟེན་གསུམ་པོ་བདེ་ཆེན་གླིང་