R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༢༨
[A:༤༢༨]སྟོད་དུ་བཞེངས་པར། ཆོས་སྡེའི་གོང་གནོན་ལྟ་བུར་སོང་བ་རང་གཟུགས་ཀྱང་ཅུང་ཟད་འཁྲུགས་པས་བསམ་ཡས་ཆོས་སྐྱོང་ཆེན་པོས་སྤོ་དགོས་ཚུལ་ལུང་བསྟན་བྱུང་བ་བཞིན་ཕྱི་ལོ་ཨརྒའི་ཆོ་གས་སྤོ་ཆོག་བཅས་ད་ལྟ་ནུབ་ཕྱོགས་ཞོལ་ན་མཆོད་རྟེན་ངོ་བོ་གོང་མཚུངས་བཞུགས་པ་འདི་རྣམས་སླར་གཟུངས་འཁྲུལ་མེད་ཕྱག་བསྟར་གྱིས་གསུམ་ཀར་སངས་རྒྱས་ཀྱི་འཕེལ་གདུང་རེ་རེས་གཙོས་དམ་རྗས་བྱིན་རྟེན་བགྲང་ལས་འདས་པ། རྒྱུད་སྡེ་གོང་འོག་གི་ཡི་དམ་གྱི་སྐུ་བརྙན་ལི་མ་ཤས་ཆེའི་གསེར་ཟངས་འདྲེས་པ་བཞི་བཅུ་ཞེ་བདུན། ཐུབ་སྐུ་ལི་མ་གསེར་ཟངས་ཁྱོོན་དྲུག་ཅུ་རེ་གཅིག རྗེ་བཙུན་གོང་མའི་སྐུ་ཁ་ཤས། བྲིས་ཐང་ཉི་ཤུ་ཙམ། ཆོས་སྐུའི་རིང་བསྲེལ་སྟོད་སྨད་བར་གསུམ་གྱི་གཟུངས་སྔགས་རིགས་བགྲང་བར་བཀའ་བ། མཆོད་རྟེན་བྱེ་བ་མ་ཤས་ཆེའི་ལི་མ་གསེར་དངུལ་ལས་གྲུབ་པ་བཅས་ཉི་ཤུ་སོགས་ད་དག་གི་བཞུགས་ཚུལ་ཡང་མདོ་སྔགས་ཀྱི་ཕྱག་ལེན་རྣམ་པར་དག་པའི་ལུང་དང་རབ་གནས་སྨིན་རྒྱས་དུ་མ་བཅས་བྱིན་རླབས་ཀྱི་ཕུང་པོར་བསྒྲུབས། དབྱར་ཐོག་རིག་འཛིན་ཕོ་བྲང་དུ་ལྷ་ཁང་མཁན་རིན་པོ་ཆེའི་གཙོས་པའི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ཙམ་ལ་ཉིན་དང་པོ་ཚུགས་ཉིན་སྟ་གོན་བཀའ་སྒྲུབ་ནས་སློབ་མ་སྟ་གོན་ཚོ་བཞི་གནང་། སང་སྔ་ཆར་དངོས་གཞིའི་བཀའ་སྒྲུབ་གནང་ནས། དངོས་གཞི་ཚར་བཞི་