[A:༤༣༠]སོགས་ལྟོས་ཆེ་བར་འབྱོར་བར་གསང་བདེ་འཇིགས་གསུམ་གྱི་གཙོས་དབང་བཀའ་བྱིན་རླབས་རྗེས་གནང་ལུང་འཁྲིད་བཅས་གནང་། བླ་བྲང་ཉི་ཟླའི་ཉམས་གསོ་མཛད་པའི་མགོ་བཙུགས། འོག་གི་གཙུག་ལག་ཁང་དུ་བྱམས་པའི་སྐུ་བརྙན་ཐོག་ཚད་མ་གསེར་ལྗིབ་བྱུགས་ཀྱིས་གཙོས་སྐུ་བརྙན་བྲིས་འབུར་དུ་མ་གདུང་རྟེན་གནམ་རྒྱན་འཕན་ཆར་དཀར་མེ་མཆོད་རྒྱུན་ཕུན་སུམ་ཚོགས་པ་དང་། བླ་བྲང་དགེ་འཕེལ་གྱི་ཉམས་གསོ་བཅས་ལྕགས་ཕག་ལོར་ཟིན་ནས་རབ་གནས་སྨིན་རྒྱས་གནང་། དེ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ལ་རྒྱལ་ཡུམ་པད་དཀར་བུ་ཁྲིད་དག་ཞིང་གཤེགས་པར་གཤེགས་རྫོང་མཛད་ཚུལ་སོགས་འོག་དེ་སྲས་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་དུ་གསལ་བ་ལྟར་དང་དཔྱིད་ཀ་ངོར་ཁང་གསར་དབོན་པོ་གཉིས་སོགས་དོན་གཉེར་བརྒྱ་ཕྲག་ལྷག་པར་གསུང་ངག་རིན་པོ་ཆེ་ཆ་ལག་བཅས་སྨིན་རྒྱས་གནང་སྐབས་ཉེ་སྐོར་འབྲུམ་ནད་བྱུང་བ་བཞེས་ཀྱང་གསུང་ཆོས་ལ་གཏན་མ་གནོད་པས་ཐམས་ཅད་ཀྱིས་སྔར་ཕན་ཡང་ལམ་འབྲས་གནང་ཐེངས་རེ་ལ་གྲུབ་པའི་མཚན་མ་རེ་ཡོང་གིན་ཡོད་པ། ད་ལན་གྱི་དེ་གདན་སའི་ཉེ་བསྐོར་འབྲུམ་ནད་ཀྱིས་ཁྱབ་པར་སྐུ་ཉིད་ལ་ཡང་ཆ་དང་གཞན་ལ་ཡང་སྲོག་སྐྱོན་གཅིག་ཀྱང་མ་བྱུང་བ་འདི་རང་ཡིན་འདུག་ཅེས་གྲགས་པ་བྱུང། དགུན་དཔྱིད་མཚམས་བཞི་