R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༣༡
[A:༤༣༡]ཐོག་གསེར་ཁང་སྟེང་འོག་གི་ཐད་དང་། གསང་སྔགས་ཕོ་བྲང་གི་ཐད་རྣམས་ཤིན་ཏུ་ཉེན་ཆེར་ཡོད་པ་རྣམས་ཉམས་གསོའི་ལས་འགོ་ཚུགས། སྔོན་དུས་ཡབ་རྗེ་རིན་པོ་ཆེའི་སྐུ་དུས་ཀྱང་གསུང་བརྟག་མོ་རྩིས་སོགས་ལ་མ་ཆུག་པ་མ་གཏོགས་གཙུག་ལག་ཁང་ཁྱད་འཕགས་དང་། མགོན་ཁང་ཁྱད་འཕགས་བདུད་ལས་རྣམ་རྒྱལ་གསར་བཞེངས་གཉིས་ཀྱང་བྱང་རྒྱུད་འདིར་བྱུང་ན་དགོངས་པའི་ལྷག་མ་བསྒྲུབ་ཆེད་ཨརྒའི་ཆོ་ག་གནང་སྟེ་ཚོམས་བར་གྱི་བྱང་འདུལ་མགོན་པོ་སོགས་ཐོག་མར་རྗེ་ཉིད་ཀྱིས་བཤགས་པ་སྤྱན་འདྲེན་མཛད་ནས་བསྒུལ་རྗེས་བསྙེན་སོང་རྣམས་ཀྱིས་ཚོམས་ཆེན་དུ་སྤྱན་དྲངས་པ་ནས་བཟུང་རིམ་གྱིས་གསང་སྔགས་ཕོ་བྲང་སྔར་ལས་བཟོ་བཀོད་མི་ཞན་པ་དང་། སྟེང་དུ་གསེར་འཕྲུ་གསར་བཟོས། དེའི་ཤར་ཚོམས་བར་མགོན་ཁང་སྔར་འཁྱུད་ལྟར། དེའི་ཐོག་མགོན་ཁང་བདུད་ལས་རྣམ་རྒྱལ། དེའི་སྟེང་བླ་མ་ལྷ་ཁང་ཁྱད་འཕགས་མཐོང་བ་དོན་ལྡན་དེའི་སྟེང་གནས་ཆུ་ལྷ་ཁང་གི་ཐོག་ཏུ་གསེར་གྱི་གཉྫིར་དང་ཟུར་གཉིས་སུ་གསེར་གྱི་རྒྱལ་མཚན་རེ་བཅས་གསར་བཟོས། དེ་རྣམས་ཀྱིས་ཤར་ཕྱོགས་སུ་སྤྱན་གཟིགས་ཁང་། དེའི་སྟེང་ཤག་སྐོར། དེའི་སྟེང་དབང་ཁང་ཀ་དྲུག་མ་ལ་གསེར་འཕྲུ་གསར་བཟོས་དང་། གཟིམ་ཆུང་ལ་ཤར་ལྷོའི་ཕྱོགས་སུ་རྒྱལ་མཚན་གསར་བཟོས་སོགས། བྱང་བརྒྱུད་ཤར་