[A:༤༣༢]ནུབ་ཀ་བ་ཉི་ཤུ་ཙམ་པ་ཡོངས་རྫོགས་གསར་བསྒྲུབ་ཀྱི་རྩིག་ར་རྨངས་གྱང་སྐོར་གཉིས་ཙམ་གྱི་བར་སྤང་ལེབ་ཀྱི་ནང་གྱང་མཐོ་གང་རེ་ཙམ་འཕར་བ་བྱུང་བས་མཐོང་མཁན་ཚོས་གཞན་ལ་ཆལ་སྒྲོག་བསྟན་པས་དེ་ནས་མ་བྱུང་བར་གྲགས། ནུབ་བྱང་གི་ཟུར་ནས་བརྩམས་ཏེ་བྱང་བརྒྱུད་ལ་མགོན་པོ། ལྷ་མོ། དཔལ་མགོན་ཞལ། པུ་ཏྲ་རྣམས་ཀྱི་རྒྱུ་མཚན་ཡིག་ཆ་མ་བུ་གསལ་བྱེད་དང་བཅས་པའི་ནང་བཞིན་རབ་གནས་ཐུགས་གསོལ་དང་བཅས་པ་དང་། གཙུག་ལག་ཁང་དེ་དག་རྣམས་སུ་སྔར་བཞུགས་པ་ལས་ལྷག་ཏུ་བྲིས་འབུར་གྱི་སྐུ་བརྙན་གྲངས་མངས། སྐུ་རྙིང་ལ་བཞུགས་ཁང་རྒྱབ་ཡོལ་བཞུགས་ཁྲི་གང་དགོས་གནམ་རྒྱན་ས་རྒྱན་མཆོད་རྒྱུན་སྤྱན་གཟིགས་གཏོར་ཚོགས་སོགས་གང་ལ་གང་འོས་བག་དྲོ་བརྗིད་ཆགས་པའི་བཀོད་པར་རབ་ཏུ་གནས་པ་སྨིན་རྒྱས་ཀྱིས་བྱིན་རླབས་ཀྱིས་ཕུང་པོར་བསྒྲུབས།
དགུང་གྲངས་སོ་ལྔ་པར་གསེར་མདོག་ཅན་གྱི་མཁན་པོ་རྒྱལ་བ་ལྷུན་གྲུབ་པ་སོགས་གཞིས་བྱེས་དགེ་བའི་བཤེས་གཉེན་དུ་མར་དབང་ལུང་ཆོས་འཁོར་རྒྱ་ཆེར་སྩལ། ཞ་ལུ་མཁན་ཆེན་རིན་པོ་ཆེ་བསོད་ནམས་མཆོག་གྲུབ་བྱོན་ཏེ་གོང་ས་རྡོ་རྗེ་འཆང་རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་རྗེ་འདི་ཉིད་ཡབ་སྲས་ཀྱི་བརྟན་བཞུགས་ཚོགས་འཛུགས་བཅས་ཞབས་བརྟན་གྱི་རྟེན་འབྲེལ་