[A:༤༣༣]མཛད། ཕྱིར་ཡང་ཟབ་ཆོས་རྒྱ་ཆེར་གནང་། དེ་ཉིད་ཀྱི་ལྷ་ཁང་མཁན་ཆེན་བྱམས་པ་བསོད་ནམས་བཀྲ་ཤིས་ལས་འཇམ་མགོན་ས་པཎ་ནས་བརྒྱུད་པའི་བསྙེན་རྫོགས་སྡོམ་རྒྱུན་བཞེས་པ་དེ་ཉིད་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོས་བཞེས་པའི་བསྟན་རྒྱུན་ཚུགས་པ་ཡང་རྗེ་འདིའི་སྐུ་དྲིན་དུ་ཤེས་ཤིང་།
དགུང་གྲངས་སོ་དྲུག་པར་རྒྱལ་དབང་མཆོག་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་གུར་པ་སོགས་གྲྭ་ཚང་ཁག་བཞི་དང་། བརྩེ་ཆེན་ནས་གྲྭ་ཚང་ཁག་དགུ་རྣམས་ཀྱིས་སྔར་ཕན་དབང་རྒྱུན་མེད་པར་སྒྲུབ་མཆོད་སོགས་ཚོགས་འདོན་གཏོང་གིན་ཡོད་ཚོད་འདུག་པས་རྗེ་ཉིད་ནས་དབང་བཀའ་གནང་དགོས་ཚུལ་དང་། གྲྭ་ཚང་ཚོར་ཡང་ཞུ་དགོས་ཚུལ་ཕེབས་པ་ལྟར་གྲྭ་ཚང་རྣམས་ཀྱང་འབྱོར་བར་རྒྱུད་སྡེ་གོང་འོག་ཆོས་སྲུང་སོགས་ཀྱི་དབང་བཀའ་ཤིིན་ཏུ་མང་བར་གནང་། དེ་སྐབས་ངོར་མཁན་ཆེན་ཐར་རྩེ་པ་གཤེགས་པའི་གདན་ས་འོས་བསྡུ་ཕུལ་བར་ཐང་དཀར་དགོན་ན་བཞུགས་པའི་ལྷུན་གྲུབ་དཔལ་ལྡན་པར་གསུང་བརྟག་བཟང་ཆུག་བྱུང་བ་བཞིན་གཞུང་ས་ནས་བཀའ་ཤོག་ལམ་ཡིག་ཞུས་ཏེ་བང་ཆེན་བཤད་སྩོལ་གནང་བས། མི་རིང་བར་བྱོན་ཏེ་གདན་སར་འཁོད། ལྷོ་ནས་གངས་མཆོད་པ་དཔོན་གཡོག་ལྔ་བཅུ་སྐོར་མཇལ་