[A:༤༣༤]ཁར་འབྱོར་བར་ཕྱག་དབང་སྟོན་མོ་ཟབ་རྒྱས་བཀའ་འདོམས་ཆེ་བ་གནང་། ཁོང་ཚོས་ཀྱང་ལྷོ་བོད་ཉེས་མེད་ཀྱི་སེམས་ཅན་བདེ་ཐབས་འཆིང་འདོམས་གང་ཡོང་ཐུགས་རྗེས་གཟིགས་པར་ཞུས། དགུན་སྤུ་ཧྲེང་བླ་མ་ཀུན་དགའ་རྒྱལ་མཚན་དད་མཇལ་འབྱོར་བར་དབང་ལུང་འགའ་ཞིག་གིས་རྗེས་འཛིན་གནང་།
དགུངས་གྲངས་སོ་བདུན་པ་ཤིང་སྟག་ལོར་བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་གདུག་འདྲེའི་གཞལ་ཡས་ཁང་ཉམས་གསོས་དང་གསར་བཀོད་དགོས་ཚུལ་ཞུ་ཕྲིན་འབྱོར་བ་དང་། དབུས་སྡེ་སྲིད་ནས་འདི་ལོ་རྒྱལ་དབང་སྐུ་ཞབས་བཅད་རྒྱ་འདྲ་མིན་པའི་སྟབས་བདེའི་སྐབས་འདིར་ཡབ་སྲས་རིན་པོ་ཆེ་ལྷན་ཅིག་དབུས་ཕེབས་ལ་ལམ་བར་གྱི་ཞབས་ཕྱིའི་ཆེད་དུ་འདི་དུས་ཕེབས་སྔ་གསལ་ཡང་གནང་དགོས་བཅས་ཀྱི་ཞུ་ཤོག་འབྱོར་བ་ལྟར་རིམ་གྱིས་ཕེབས་པའི་དགོངས་པ་ཤར། ཧོར་ཟླ་དང་པོའི་ནང་ངོར་མཁན་ཆེན་ཤར་པ་ཤེར་འབྱུང་གིས་མཆོད་དཔོན་ཀུན་དགའ་ལེགས་པ་དཔོན་སློབ་རྣམས་ཀྱིས་གསེར་དངུལ་བརྒྱ་འབུལ་གྱིས་གཙོས་པའི་ཆོས་སྡེར་མང་འགྱེད་སོགས་རྒྱ་ཆེན་བཅས་བཀའ་སྲུང་གི་ཆོས་སྐོར་ཞུ་རུ་འབྱོར་བ། གཟབ་གནད་ཐུགས་བཅུད་ཀྱི་ཆོས་བཀས་རེ་སྐོང་དང་། རྩེ་གདོང་ཞབས་དྲུང་ངག་དབང་ནོར་བུ་བསོད་ནམས་དབང་གི་རྒྱལ་པོ་དཔོན་སློབ་རྣམས་ཕེབས་པར་ཐུགས་སྣང་ཤིན་ཏུ་