[A:༤༣༦]རླབས་བཀའ་སྩོལ་གནང་། ཆུ་ཤུར་པུ་སྟག་ཁུ་སྤོ། ཐར་པ་གླིང་པ་རྣམས་ཀྱིས་འབུལ་བ་མཇལ་ཞུས་བྱུང་བར་ཆོས་འབྲེལ་སོགས་རེ་སྐོང་གནང་། དེ་ཉིན་གཞུང་ས་གོང་ནས་རྟ་དར། རྟ་ཐུག་རྒྱ་གླིང་། འབོག་ལྩག དབུ་གདུགས། ཆིབས་རགས་སོགསབཅས་གང་འགྲིག་གིས་འབྱོན་དགོས་ཚུལ་ཕེབས་འབྱོར་བཞིན་སྔར་རྒྱུན་ལྟར་བསྒྲིགས། རིན་ཆེན་སྒང་དུ་ཐབ་བསུ་དང་། གཞུང་རྩེ་ཤོད་ནས་ཕེབས་བསུ་བ་རྟ་པ་བརྒྱད་ཅུ་སྐོར་འབྱོར་བར་གསོལ་ཇ་གཉིས་ཀྱི་རིང་བཞུགས་གྲལ་གནང་རྗེས་ཡབ་སྲས་རྣམས་ཀྱིས་སྐུའི་གཡས་ཕྱོགས་ནས་ཕེབས་བསུ་བ་རྣམས་དང་། གཡོན་ཕྱོགས་ནས་གདན་སའི་དྲུང་འཁོར་རྣམས་བསྒྲིགས་བཀོད་གཞུང་གི་མགྲོན་གཉེར་རྒྱ་ཕྲུག་པས་མཛད་ཅིང་། ལྷ་སར་ཕེབས་ཕྲལ་གཞུང་ས་ནས་གསོལ་ཇ་ཇ་ཞུས་དང་། ཟུར་ཆས་སྤོམ་མཐོ་ཕྲལ་འབུལ་གནང་། སང་གཞུང་གི་མགྲོན་གཉེར་སོགས་ཕེབས་བསུ་བ་ཉི་ཤུ་བསྐོར་གནང་བ་བཅས་རྩེ་ཤོད་ལྷན་ཅིག་དང་ཞལ་རྒྱས་བྱུང་བར་རྒྱལ་དབང་རྡོ་རྗེ་འཆང་དང་མཇལ་མ་ཐག་ཐུགས་ཡིད་གཅིག་འདྲེས་ཀྱི་དགྱེས་སྤྲོའི་ངང་གསོལ་ཇ་བཞིའི་ཡུན་ལ་གསུང་མོལ་གནང་། དེ་མཚམས་བཀའ་འགྱུར་ཁང་དུ་གསོལ་སྟོན་རྒྱས་པར་སྩལ་རྗེས་ཕེབས་སྐྱེལ་དང་བཅས་ལྷ་སར་ཕེབས་ཏེ། ཇོ་ཤཱཀ་རིན་པོ་ཆེར་བཟང་གོས་ཀྱི་སྣམ་སྦྱར་གྲ་སྣམ་ལ་སངས་རྒྱས་ཀྱི་སྐུ་བརྙན་