[A:༤༣༧]གྱིས་མཚན་པའི་ཁྱད་ཅན་འབུལ་བར་མཛད་པའི་མཚོན་རྟེན་མཆོག་རྣམས་ལ་ཞལ་གསེར་སྙན་ཤལ་མར་མེ་བདུག་སྤོས་སོགས་མཆོད་སྤྲིན་དུ་མ་དང་བཅས་བསྟན་འགྲོ་སྤྱིའི་ཕན་བདེར་སྤྱན་དམིགས་ཀྱི་སྨོན་ལམ་རྒྱ་ཆེར་གནང་། ཚེས་བརྒྱད་ཉིན་ཡང་པོ་ཏ་ལར་གདན་འདྲེན་ཞུས་ཏེ་འགོལ་མཇལ་ཐོག་བཀའ་མཆིད་ཡུན་རིང་དང་། རྗེ་བཙུན་རིན་པོ་ཆེ་དང་འཕགས་པ་རིན་པོ་ཆེའི་དབུ་ཐོད་རྣམ་གཉིས་སོགས་ནང་མཇལ་འགའ་ཞིག་བཀའ་དྲིན་བརྐྱངས། ཚེས་བཅུར་རྒྱལ་དབང་མཆོག་ལ་བརྟན་བཞུགས་དང་བཅས་འབུལ་སྤོམ་མཐོ་བ་དང་། གྲྭ་གཙང་ལ་མང་འགྱེད་སོགས་རྒྱ་ཆེར་སྩལ། ཇོ་བོ་ལོ་ཀེ་ཤྭ་ར་དང། རྗེ་བཙུན་ལ་མང་འགྱེད་སོགས་རྒྱ་ཆེར་སྩལ། ཇོ་བོ་ལོ་ཀེ་ཤྭ་ར་དང་། རྗེ་བཙུན་གྲགས་པའི་སྐུ་བརྙན་རྩ་རིས་མ་སོགས་རྟེན་མཆོག་རྣམས་མཇལ་ཞིང་མཆོད་འབུལ་སྨོནལམ་མཛད། ཚེས་བཅུ་གསུམ་ཉིན་རྒྱལ་དབང་སྐུ་ཞབས་ནས་ཚེ་དཔག་མེད་དཀར་པོའི་རྗེས་གནང་གི་རྟེན་འབྲེལ་བསྒྲིགས་པ་དང་བཅས་ཐོན་ཕྱག་གནང་སྦྱིན་བློས་མི་འཁྱུད་པ་དང་། ཁྱད་པར་རྗེ་ཡབ་སྲས་ཟུར་མཇལ་གནང་ནས་ན་བཟའ་ཆ་ཚང་། ཞལ་དཀར་དངུལ་སྟེག་ཅན་རེ་སོགས་སྩལ་ཏེ་ཡབ་སྲས་ནས་སྔར་ཕན་ཡང་འཆད་ཉན་གྱིས་བསྟན་སྲོག་འཐུད་པ་བྱུང་འདུག་ཅིང་། ད་དུང་ཡང་ཆོས་ཚུལ་སྤྱི་དང་ཁྱད་པར་མཁན་ཆེན་ཀུན་སྤངས་པ་ནས་གསང་ཆེན་སློབ་བཤད་ཀྱི་ཆོས་སྐོར་རྣམས་