[A:༤༤༣]ཀྱང་སྒྲུབ་གྲ་ཁྱད་ཐོན་ཡིན་སྟབས་ཐུགས་ཀྱིས་མ་བཟོད་དེ་ཆོས་སྐྱོང་རྣམས་ལ་བཀའ་སྒོ་འཕྲིན་བཅོལ་དྲག་པོ་མཛད་པས་ངན་རྐྱེན་བྱེད་པ་རྣམས་ལ་རྩུབ་འགྱུར་བྱུང་བར་བརྟེན་རྒྱལ་དབང་མཆོག་ནས་ཀྱང་བཀའ་དྲིན་ཆེན་པོས་སྒྲུབ་སྡེ་དེ་ཉིད་སྔར་མཁོས་བདེ་འཇགས་སྩལ། དེ་ནས་གདུང་ཕུད་ཆོས་འཁོར་དུ་བཞུགས་ཞག་བཞིའི་རིང་ལ་གྲྭ་ཚང་ཚང་མར་ལུགས་གཉིས་བརྩེ་གཟིགས་ཀྱི་རེ་བསྐོང་གནང་། ཁྲོམ་ཚོགས་ལ་ཚེ་དབང་སྩལ། མགོན་ཁང་དུ་གཏོར་གཞི་གསར་འཛུགས་མཛད། དེ་སྐབས་རྒྱལ་པོ་སྐུ་ལྔའི་ཤར་ཕྱོགས་རྒྱལ་པོ་ཡིན་ཟེར་བའི་ཁོག་ཞུགས་གཅིག་ཡང་ཡང་བྱུང་བར། ལན་གཅིག་རྗེ་ཉིད་ནས་ཁྱོད་ཤར་ཕྱོགས་རྒྱལ་པོ་ཡིན་ན་ཁྱོད་རང་གི་སྔོན་གྱི་ལོ་རྒྱུས་ཤོད་ཅིག་གསུང་ས་པར་ཐོགས་མེད་བཤད་བྱུང་བས་ཐུགས་ཡིད་ཆེས་ཏེ་གཏོར་མ་དང་འཕྲིན་བཅོལ་བཅས་ཁག་གཅིག་དང་རལ་གྲི་གཅིག་གནང་བ་དེ་སོགས་གཟུགས་མེད་ལྷ་འདྲེས་ཀྱང་ཞབས་ལ་བཏུད་པའི་རྣམ་ཐར་ཡ་མཚན་པའང་མང་དུ་བྱུང་། སྐྱིད་གཤོང་ར་བ་སྨད་དུ་ལྷ་མིའི་བསུ་བ་དང་བཅས་ཏེ་རྡོ་གཅལ་དུ་ཕེབས་སྐབས་ཆོས་སྐྱོང་ནས་དགེ་བཤེས་རང་གི་སྟན་དམར་ཐིངས་ཤིག་གསུངས་པ་ལྟར་དེར་བཞུགས་པར་ཆོས་སྐྱོང་ནས་མཇལ་དར་ཕུལ་ཏེ་ཕེབས་ལམ་ནས་སྐུ་གསུང་ཐུགས་ལ་ངལ་བ་མ་མཆིས་སམ་ཞེས་སོགས་བསྙུན་རྨེད་