R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༤༢
[A:༤༤༢]གཙང་པོ་ཕ་ཀར་འབྱོན་སྟབས་མ་བདེ་བར། རྗེ་ཉིད་ནས་དོས་རྣམས་ཕ་ཀར་ཕྱིན་ཙམ་བྱུང་ན་སྐུ་ཉིད་བཅས་ཀོ་བར་ཕེབས་ཆོག་ཚུལ་སོགས་གནང་བ་ལྟར་གྲུ་ཁར་ཕེབས་ཕྲལ་གནམ་ཡུལ་དྲོ་བས་དེ་ནུབ་གྲ་ཕྱིར་ཕེབས་པ་ན་བྱིངས་དམངས་ཀྱིས་སྔར་དུས་ལས་ཉི་མ་ཉིས་འགྱུར་དུ་རིང་བ་བྱུང་བས་རྗེ་ཡབ་སྲས་ཀྱིས་ཉི་མ་བཟུང་བར་འདུག་ཅེས་གྲགས་པ་བྱུང་བ་ལྟར་དོན་ལའང་གནས། དེ་ཕྱོགས་སེར་སྐྱ་ཁྲོམ་ཚོགས་བཅས་ལ་ཆོས་སྦྱིན་རྒྱ་ཆེར་སྩལ། དེ་ཁའི་གཙུག་ལག་ཁང་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཐུགས་རིང་བསྲེལ་འབྱོན་བཞིན་པ་ཞིག་ཡོད་པ་དེ་རྗེ་འདིའི་ཕྱག་ཏུ་བཞེས་མ་ཐག་རིང་བསྲེལ་མང་བར་བབས་ཤིང་། རིང་བསྲེལ་གཅིག་སྒྲ་དང་བཅས་ནས་རིགས་སྲས་འཇམ་པའི་དབྱངས་ཀྱི་ཕྱག་ཏུ་བབས་པ་སོགས་ངོ་མཚར་བའི་རྟགས་མཚན་ཀུན་ལ་གསལ་བར་བྱུང་། གྲ་ཐང་དུ་ཕེབས་གྲྭ་པ་མངོན་ཤེས་ཀྱི་ཆོས་ཁྲིའི་ཐོག་ནས་ཁྲོམ་ཆེན་ལ་ཚེ་དབང་གནང་། གཏེར་བདག་གླིང་པ་ཆེན་པོ་ཡང་མཇལ་ཁ་དང་བཀའ་ཆོས་ཞུ་བར་ཕེབས་པར་ཀྱཻ་རྡོར་རྒྱུ་ལམ་གྱི་དབང་སོགས་བཞེད་སྐོང་བསྩལ། དེ་སྐབས་ངན་རྐྱེན་གྱི་དབྱེན་སྦྱོར་ལ་བརྟེན་སྒྲུབ་སྡེ་ནམ་མཁའ་མཛོད་པ་སྡང་སྣེར་ཡོད་སྐབས་ལ་གཏེར་སྟོན་རིན་པོ་ཆེ་ནས་འདི་དོན་གཞུང་ས་ཡས་ཕྱིན་ལ་སྙན་ལྷོན་ཐོག་སོར་ཆུད་ཡོང་ཐབས་ནན་བསྐུལ་དང་། རྗེ་ཉིད་