R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༤༤
[A:༤༤༤]ཕུལ། རྗེ་ཡབ་སྲས་ནས་ཀྱང་སྒྲོན་དར་སྣ་ལྔ་གནང་། ཕྱི་ཉིན་རྗེ་ཡབ་སྲས་དཔོན་སློབ་སྐུ་རྟེན་པ་དང་བཅས་གཙུག་ལག་ཁང་གི་ཐོག་ལྷ་བསངས་རྒྱས་པར་གནང་ཐོག་ཆོས་སྐྱོང་སྐུ་ཕེབས་གྲབས་བྱུང་བར་རྗེ་ཉིད་ནས་ཕྱག་ནས་ཞིག་གནང་བས་བསངས་གྲོལ་མཚམས་བར་མ་ཕེབས་ཤིང་དེ་ནས་ཕེབས་ཏེ་རྗེ་ཡབ་སྲས་ལ་ཆོས་སྐྱོང་ནས་དབུ་གདུགས་དཀར་པོ་ཞིག་ཕུལ། ཕར་ཡང་སྒྲོན་དར། ཁྲབ་གདན། ཕྱག་རལ་སོགས་སྤྱན་གཟིགས་རྒྱ་ཆེན་སྩལ་ཏེ་བསྟན་འགྲོ་སྤྱི་སྒེར་གྱི་ཕན་བདེའི་འཕྲིན་བཅོལ་གནང་བ་ལྟར་ཆོས་སྐྱོང་ནས་ཀྱང་ཞལ་བཞེས་མཛད། རྗེ་ཉིད་གྲུབ་མཆོག་བསོད་ནམས་དབང་པོའི་རྣམ་འཕྲུལ་དང་། རིགས་སྲས་འཇམ་པའི་དབྱངས་ཉིད་སྒར་ཆེན་རིན་པོ་ཆེའི་སྐྱེ་སྤྲུལ་ཡིན་ཚུལ་ལུང་བསྟན་དང་། རྒྱལ་མཚན་བཞི་སོགས་འབུལ་བ་མང་པོ་དང་ཕྱག་ཕྱི་དྲུང་འཁོར་རྣམས་ལ་བརྟན་བཞུགས་འབུལ་དངོས་འབྱོར་བསྟུན་ཕུལ། རྗེས་གནང་ལྗགས་ལུང་སོགས་ཆོས་བཀའ་རྒྱ་ཆེར་བསྩལ། ཁྲོམ་ཚོགས་ལ་ཚེ་དབང་གྲུབ་རྒྱལ་ལུགས་དང་། མགོན་ཁང་སྟེང་འོག་ཏུ་བརྟན་གཏོར་འཛུགས་པ་དང་གསུང་བསྐང་འཕྲིན་བཅོལ་གནང་། དེ་ནས་ཆིབས་བཏེག་ཉིན་ཆོས་སྐྱོང་ནས་ཀྱང་དགོན་གཤམས་བར་དུ་ཕེབས་སྐྱེལ་དང་བཅས། དགེ་བཤེས་སླར་ཡང་ཉི་མ་