R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༤༦
[A:༤༤༦]འདུས་ཚོགས་ཀྱིས་གསོལ་བ་བཏབ་ངོར་རྗེ་ཉིད་ནས་ཡང་དག་དང་། རིགས་སྲས་འཇམ་པའི་དབྱངས་ནས་ཕུར་པ་ལྷ་ཁྲའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་ལ་སློབ་མ་ཉི་ཤུ་རྩ་ལྔའི་གྲངས་བཅད་དངོས་སྟ་རེ་མོས་ཉིན་ཞག་བཅོ་ལྔ་ཙམ་ལ་གཡེལ་མེད་གནང་། དེ་སྐབས་ཡར་འབྲོག་གླིང་ཞབས་དྲུང་རིན་པོ་ཆེ་ཕེབས་ནས་འབུལ་ཆེན་དང་བཅས་ཡང་ཕུར་གྱི་དབང་བཀའ་ཞུས། ཆོས་སྡེས་ཀྱང་ཞབས་བརྟན་དང་སྦྲེལ་བའི་དངོས་པོརྒྱ་ཆེར་ཕུལ། དད་ལྡན་སྦྱིན་བདག་སེར་སྐྱ་དུ་མར་རེ་སྐོང་གི་ཆོས་དང་ཟང་ཟིང་གནང་། འདུས་ཚོགས་ཀྱིས་རྒྱུད་སྡེ་དུ་མའི་སྒྲུབ་མཆོད་དང་། གུར་གར་སོགས་ཕྱག་ལེན་གྱི་རྒྱུན་རྣམས་གཟིགས་འབུལ་ཞུས། དེ་སྐབས་འབྲས་སྤུངས་གྲྭ་ཚང་ལ་དར་རྒྱས་ཆེར་མེད་སྟབས་ཆིབས་བཏེག་ཁར་ཕྱག་ནས་ཞུས་པས་དེ་ཕྱིན་དར་རྒྱས་བྱུང་། དེ་ནས་རིམ་གྱིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་ཕེབས་ཏེ་སེར་སྐྱ་ཕྱོགས་འདུས་ལ་ཆོས་དང་ཟང་ཟིང་གིས་སྤྲོ་བ་མཆོག་གི་དགའ་སྟོན་སྩལ། འབུལ་ནོད་བསྙེན་བཀུར་དཔག་ཏུ་མེད་པ་དང་། ཞ་ལུར་ཕེབས་ནས་བཞུགས། ཞག་བཞིིའི་རིང་ལ་ཆོས་སྦྱིིན་མང་འགྱེད་སོགས་སྩལ། ངོར་དུ་ཕེབས་ནས་ཁང་གསར་བླ་བྲང་དུ་བཞུགས་གདན་འཇགས། དེ་སྐབས་ཆབ་གཞི་མ་འཕྲོད་པའི་རྣམས་པས་རྗེ་ཉིད་སྐུ་ཁམས་ཅུང་ཟད་མ་སྙོམས་པའི་སྐུ་རིམ་དུ་དབུ་མཛད་ཆེན་