R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༥༤
[A:༤༥༤]ཉིད་རེ་ཞིག་ཞ་ལུར་ཕེབས། རྗེ་ཉིད་ནས་དབོན་དྲུང་སོགས་ལ་དབང་འཁྲིད་ཆོས་བཀའ་རྒྱ་ཆེར་གནང་། དབོན་དྲུང་གདན་སར་བྱོན་པར་དམར་པོ་བསྐོར་གསུམ་སོགས་ཟབ་ཆོས་འགའ་ཞིག་སྒེར་དུའང་བསྩལ། དེ་སྐབས་ཀྱང་མོན་པ་ཨ་ཆོག་སོགས་ཀྱི་དཀྲུག་རྐྱེན་ལ་བརྟེན་པའི་ལྷོ་བོད་ཟིང་ལོང་ལ་འགྲོ་ཕན་དུ་དགོངས་ཏེ་བླ་མ་སངས་རྒྱས་འཕེལ་འཆིང་གི་སྐུ་ཚབ་ལ་བརྫོང་བདའ་མཛད། གཞུང་དུའང་དེ་ཚུལ་གྱི་ཞུ་ཤོག་ཕུལ་བར་བཀའ་ལན་དུ། ལྷོའི་ཞུ་འཆིང་སྐོར་ལ་དཔོན་སློབ་ཁག་རྣམས་བགྲོས་པའི་རྫོང་བདའ་གནང་བ་སེམས་ཅན་གྱི་བདེ་ཐབས་ལ་ཕན་པ་ཙམ་ཡོང་ལས་ཆེ་ཞེས་སོགས་བཀའ་ཤོག་མ་བུ་འབྱོར། ཆོས་ལས་པ་ཤེས་རབ་རྒྱལ་མཚན་ལ་ཞལ་བཀོད་བཅའ་ཡིག་དང་བཅས་ཟངས་ལྡན་ཆོས་སྡེར་བསྐོ་འཇའ་གནང་། གཞུང་ས་ཆེན་པོ་ནས་སྡེ་པ་ཁྲི་འདོན་གྱི་ལེགས་འབུལ་དུ་ཕྱག་མཛོད་རྫོང་བདའ་གནང་བ་དང་། ལྷན་ཅིག་ཟངས་ལྡན་མཁན་པོ་ཡང་ཕྱག་འབུལ་ལ་ཐེགས། གཞིས་བྱེས་དགེ་འདུན་འདུས་ཚོགས་མང་བ་རྣམས་ལ་གསང་བདེ་འཇིགས་གསུམ་སོགས་ཀྱིས་ཆོས་འཁོར་རྒྱ་ཆེན་བསྐོར། བེ་ཚང་དབོན་པོས་གསེར་གར་ལུགས་ཀྱིས་འཇམ་དབྱངས་གཙོ་འཁོར་ལྔའི་སྐུ་བརྙན་སོགས་འབུལ་ཆེན་དང་བཅས་གསོལ་བ་བཏབ་ངོར་འཇིགས་བྱེད་ར་ལུགས་སོགས་དབང་བཀའ་རྗེས་