[A:༤༥༣]འབྱོར་བ་ནས་དྲུག་པའི་ཚེས་གསུམ་ལ་བཀའ་ཆོས་ཀྱི་དབུ་ཚུགསཏེ་ཞག་བདུན་སོང་མཚམས་རྗེ་འདིའི་མནལ་ལམ་དུ་ཨ་ཙ་ར་མདོག་སྔོ་བསངས་གཡོན་ན་རྭ་དུང་ཞིག་བཟུང་། གཡས་པས་གླེགས་བམ་ཞིག་རྗེ་ཉིད་ལ་ཕུལ་ནས་ལམ་འབྲས་རྡོ་རྗེའི་ཚིག་རྐང་དགོས་ན་འདི་ཡིན་ཟེར་བས་ཕྱག་བརྐྱངས་ནས་བཞེས་པར་བརྩམས་ཀྱང་གླེགས་བམ་ཕྱག་ཏུ་མ་བྱུང་བར་མནལ་སད་པ་ཞིག་བྱུང་བ་འདི་རེས་ཆོས་མཐའ་མི་རྫོགས་པའི་ལྟས་སུ་སྣང་།
དེ་ནས་སྣང་གསུམ་རྫོགས་ནས་རྗེ་ཉིད་གདན་ས་གོང་དུ་ཕུར་སྒྲུབ་ལ་ཕེབས་ཤིང་། རྒྱལ་དབང་སྐུ་ཞབས་སུ་ལམ་འབྲས་ཚུགས་ཚུལ་སོགས་ཞུ་ཡིག་འབུལ་མི་གནང་། མཁན་ཆེན་ཉིད་ལྗགས་བསྙེན་ཞལ་གསོས་ལ་བཞུགས། རྒྱལ་དབང་མཆོག་ནས་བཀའ་ལན་དུ་བཀའ་ཆོས་ཚུགས་པ་ལེགས་ཚུལ་དང་། སླར་ཡང་ཕུར་སྒྲུབ་གྲོལ་མཚམས་གཞན་དབང་ལ་མ་སོང་བའི་ཆོས་འཕྲོ་བཞེས་ཐུབ་དགོས་ཚུལ་སོགས་དང་། གདན་ས་དང་མཁན་ཆེན་གཉིས་ཀར་བཀའ་ཆོས་ཚུལ་པའི་དགའ་སྟོན་ལ་མཆོད་གཞིས་རེ་གནང་བར་རྗེ་འདི་ཉིད་ལ་བྲག་དཀར་བཀྲ་ཤིས་བསམ་འགྲུབ་སོགས་གཏན་འཇགས་ཀྱི་བཀའ་ཁྲ་བཅས་གནང་བ་ཡིན་ཞིང་། དེ་མུར་མཁན་ཆེན་སྐུ་ཁམས་བསྙེལ་བར་ཕུར་སྒྲུབ་གྲོལ་འཕྲལ་རྗེ་ཉིད་ཕེབས་ཏེ་རྐྱེན་སེལ་བཀའ་དབང་སོགས་གནང་། ཆོས་འཕྲོ་བཤོལ་ཏེ་མཁན་ཆེན་