R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༥༦
[A:༤༥༦]ཚེས་གཅིག་ལ་ལས་འགོ་ཚུགས་པ་ཞིག་དགོས། ཞེས་སོགས་ཞུ་ཕྲིན་ནན་ཆེར་འབྱོར་བསྟུན་སྤྲུལ་སྐུ་པདྨ་དབང་རྒྱལ་གྱིས་གཙོས་པའི་གསུམ་འཕྲལ་བརྫོང་གནང་། སྔ་སོར་ལྕོག་གི་ཞིག་གསོས་གནང་རྒྱུའི་ཐོག་མར་ལས་མི་སོགས་ལ་ཉེས་སྐྱོན་མི་འོང་བ་དགོས་ཚུལ་ཕྲིན་བཅོལ་གནང་བའི་ལན་དུ། གཞལ་ཡས་ཁང་གི་ཉམས་གསོས་འདི། །བཀོད་པ་སྔོན་ནས་བྱས་པ་བཞིན། །དུས་ཀྱི་རྟེན་འབྲེལ་མ་འགྲིིག་པས། །ལས་བྱེད་ཕོ་ཉ་མཐའ་དག་ལ། །བར་གཅོད་མི་འབྱུང་དཀའ་ན་ཡང་། །འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །དཀར་ཕྱོགས་ལྷ་དང་ནག་པོའི་བདུད། །ཕྱེད་མར་ཡོད་པས་འཆུན་པར་དཀའ། །འོན་ཀྱང་དཔལ་ཆེན་ཁྲག་འཐུང་གི །བཀའ་ཞིན་དམ་ལས་མི་འགལ་བར། །དམ་བསྒྲགས་བྱེད་པས་གོ་བར་གྱིས། །ཡང་བསྐྱར་བཀོད་པའི་སྣ་གཅིག་ལ། །གཟུགས་མེད་གདུག་པ་སྡེ་བརྒྱད་རྣམས། །སངས་རྒྱས་བསྟན་པ་སྤེལ་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །གནས་གཞི་གཙུག་ལ་སྐྱོང་བ་ལ། །ལ་ལ་དགའ་སྟེ་ལ་ལ་ཁྲོ། །དེ་ཡི་བཀོད་པ་སྐོར་ཕྱིར་དུ། །ལི་ཡུལ་ལྕང་ར་སྨུག་པོ་དང་། །བྱང་ཕྱོགས་ཤམྦྷ་ལ་སོགས་པར། །གདུག་འདྲེས་ཁྲིད་ནས་མགོ་སྐོར་བྱེད། །གཟགས་ཅན་ལ་འཚེར་མེད་ཙམ་ཞིག །ཨེ་འོང་ལྟ་བས་ངེས་པར་གྱིས། །ཞེས་ཞུ་ལན་བྱུང་བ་དང་བསྟུན་