[A:༤༦༠]འཚམས་ཞིབ་གསེད་ཞུ་ཤོག་ཕུལ་བའི་བཀའ་ལན་དུ། ད་ལན་ཁད་ཉེར་ཕེབས་པས་འཇལ་འདོད་ཤིན་ཏུ་ཆེ་ཡང་། ལ་རྒྱའི་སྟབས་མཇལ་འཛོམས་མ་བདེ་བསམ་ཡས་ཕྱོགས་སུ་རྟེན་འཛུགས་རབ་གནས་སོགས་ཀྱིས་སྟབས་མྱུར་བར་ཞལ་འཛོམ་ཡོང་བ་སོགས་དང་ཞིབ་པར་མགྲོན་གཉེར་སྐྱར་པོ་བའི་གདུང་དུ་གསལ་ཚུལ་ཞིབ་ལྷུག་དང་ཟུར་ཆས་དཔང་མཐོ་བཅས་ཕེབས་པ་བཞིན་སླར་སྐོར་ཏེ་སྤྲེ་མོ་ལ་རྒྱབ་བཅས་སྒ་ཟེར་བར་བཞུགས་སྒར་གནང་ནས། ཕན་ཚུན་དུ་འཕེན་སྐོར་མཛད་པས་དེ་མཚམས་སོ་སོ་ནས་དང་ལེན་དོན་སྨིན་བྱུང་བས།
དགུང་གྲངས་ཞེ་གཅིག་པ་ས་རྟ་ཟླ་བ་གཉིས་པའི་ཚེས་གསུམ་ལ་ལྷོ་པར་དབུ་རྩི་གནང་ཐོག་ལྷོ་པས་འབུལ་སྤོམ་བློས་མི་འཁྱུད་པ་ཕུལ་ཞིང་། ཚེས་བཞིར་གཞུང་དུ་དབུ་རྩི་ཕུལ་བར་ཡང་གོས་དར་ཇ་སོགས་ལེགས་འབུལ་བསམ་གྱིས་མི་ཁྱབ་པ་ཕུལ། ཕན་ཚུན་མི་ནོར་གྱི་སྤྲོད་ལན་བདེ་འཇགས་མཛད། ལྷོ་པ་ཡོན་བདག་རྣམས་དང་། སྤྱི་བླ་འབུལ་དཔོན་པ། སྤེ་ཤིང་པ། འཕང་ཡེ་དགོན། ཝཾ་གཞུང། སྤ་གྲོ་གཞུང་བརྒྱུད་སོགས་ནས་ཀྱང་རང་མཁོས་དང་བསྟུན་པའི་འབུལ་བ་ཆེ་ཆུང་དང་བཅས་དད་མཇལ་དུ་འབྱོར་བར་རང་རང་མོས་འདུན་བཞིན་གྱི་དབང་རྗེས་གནང་། ཨོ་རྒྱན་རིན་པོ་ཆེའི་བླ་མའི་རྣལ་འབྱོར། མ་ཎིའི་བཟླས་ལུང་སོགས་སྩལ་