R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༥
[A:༤༥]བསུ་རྒྱ་ཆེ་བ་དང་བཅས་ལྕོག་ཏུ་ཕེབས་པ་ན། མཁན་ཚང་པར་ཆོས་སྐྱོང་ཆེན་པོའི་གསུང་གིས། ས་སྐྱ་པ་ཆེན་པོ་མཆེད་གཉིས་ལ་གདུག་འདྲེའི་གཞི་ལེན་བྱེད་པ་ཡིན་པས། ཇ་རྒྱུ་ཡག་པ། གར་པོ་ཡིན་པ། སླ་མོ་མིན་པ་སྦྱོར་བདུན་ཕྲག་གཅིག་བཀྲལ་ཁོག་བདུན་ཚུགས་ལ་འཕྲལ་དུ་ཡོང་བར་གྱིས་ཞེས་གསུངས་ཤིང། དེ་ནས་ཆོས་སྐྱོང་གི་གསུང་ལས། སློབ་དཔོན་པདྨས་གདུག་འདྲེ་ལ་བོད་གངས་རིའི་ཁྲོད་ཀྱི་བསྟན་པའི་བསྲུང་མ་བཀའི་བྱ་ར་བ་ལ་བསྐོས་པ་དེ་ཡིན། ཁྱེད་ས་སྐྱ་པ་རྣམས་བསྟན་པའི་འཛིན་སྐྱོང་སྤེལ་བ་ལ་བཀའ་བསྒོས་པ་ཡིན་པས། ཁྱེད་ས་སྐྱ་དགེ་བཤེས་མཆེད་གཉིས་ཀྱིས་སེམས་ཅན་ལ་ཕན་བདེ་འབྱུང་བའི་གནས་གཞིས་མཆོག་ཏུ་གྱུར་པ་ལྷ་ས་བསམ་ཡས་སོགས་སུ་སེམས་ཅན་བདེ་ཐབས་ཀྱི་རྟེན་གསུམ་སོགས་ལ་རབ་གནས་དང། བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་རྒྱ་ཆེན་པོ་མཛད་དགོས། གདུག་འདྲེས་ཀྱང་བསྟན་དགྲ་ཐམས་ཅད་མྱུར་དུ་ཚར་གཅོད་ཅིང། ཁྱད་པར་ས་སྐྱ་པའི་དབང་གི་ཁྲིམས་ར་སྟག་ཚང་རྫོང་ཁ་དམག་གིས་བསྐོར་ནས་འཕྲོག་མི་རྣམས། ལོ་ཟླ་ཚེས་གྲངས་དུས་བཏབ་ནས་མྱུར་དུ་ཚར་གཅོད་པའི་ཁས་བླང་གི་ཡི་གེ་ཆོས་སྐྱོང་ཆེན་པོ་ཉིད་ཀྱི་དམ་ཁ་འབྱར་བ། བདག་ཉིད་ཆེན་པོ་སྐུ་མཆེད་ཀྱི་ཕྱག་ཏུ་འབུལ་ཞུ་བ་བཞིན། དེ་ལྟར་ཕུལ་བ་ལྟར་དེ་དང་མཐུན་པར་ཡུན་རིང་