[A:༤༦༣]མཁན་པོའི་འོས་གཟིགས་ཤིག་བཀའ་དྲིན་བརྐྱངས་པ་ཞུས་པ་བཞིན་བསེ་དགོན་དྲུང་དུ་ལུང་ཞུས་དང་ཐུགས་བརྟག་སྒོ་བསྟུན་ཆོས་ལས་པ་ངག་དབང་ཀུན་རྒྱལ་བཟང་ཆུག་བྱུང་བ་ལྟར་བཀའ་སྩལ་གནང་བས་ཐུགས་བདེར་གྱུར་པའི་མུར་མཁན་ཆེན་དེ་ཉིད་ཟླ་བ་བཞི་པ་ཕྱི་མའི་ཚེས་གཅིག་ལ་སྐུ་གཤེགས་པའི་གཤེགས་རྫོང་ཚོགས་དབུར་ཕེབས་པ་དང་། ཕྱི་རྟེན་ནང་རྟེན་བཞེངས་པ་སོགས་ཀྱི་བསླབ་སྟོན་སྩལ།
ཟླ་བ་དེ་ཁའི་ཚེས་བཅུ་གསུམ་དུས་ཚེས་བཟང་འཛོམ་ལ་མཁན་ཆེན་ངག་དབང་ཀུན་རྒྱལ་ཉིད་ལྷ་ཆེན་ཆོས་ཁྲིར་མངའ་གསོལ་གནང། བསམ་ཡས་སུ་རྟེན་མདོས་འཛུགས་དགོས་ལ་ཕྱག་ལེན་ཚུལ་བཞིན་དགོས་གལ་ཆེ་བར་དགོངས་ཏེ། མངའ་བདག་ཆེན་པོའི་དངོས་སློབ་ཆུ་སྤེ་སྟེང་པར་སྐོར་གྱི་ཡིག་ཆ་ཕྱག་ལན་ཕྲ་མོ་ཚུན་ཆད་མཐའ་མཆོད་ཐུགས་བཞེས་མཛད་ནས་སླར་རྒྱལ་དབང་སྐུ་ཞབས་སུ་ཕྱག་དཔེ་གཟིགས་འབུལ་དང་འདི་ཐོག་ནས་བརྟེན་འཛུགས་མཛད་ན་ཡོང་མིན་ཞུས་ལན་དུ། པེ་དཀར་གྱི་སྐོར་དགོངས་པར་བཅགས་པ་བཞིན། ཤེལ་ཕྲེང་གཡུ་ཕྲེང་ལྕགས་ཕྲེང་སོགས་རྒྱུད་མན་ངག་བཀའ་གཏེར་གྱི་གཞུང་རྙིང་དུ་མ་ཡོད་ཚུལ་འདུག་ཀྱང་། ད་ལན་འདི་ཐོག་ནས་རྟེན་མདོས་འཛུགས་པ་གནང་ཚེ་རྒྱས་བསྡུས་འཚམས་པ་སོགས་ནས་གསར་སྐྱེས་ཀྱི་