[A:༤༦༤]སྙན་འབུལ་མ་དགོས་ཚུལ་ཞིབ་རྒྱས་ཕེབས། བསམ་ཡས་ཆོས་སྐྱོང་ཆེན་པོ་ནས་ཀྱང་གཞལ་ཡས་ཁང་གི་རྟེན་གསོ་དང་རབ་གནས་ལ་ཟླ་བ་དགུ་པའི་ནང་ཚུན་ལ་རྟེན་འབྲེལ་སྒྲིག་དགོས་པ་དང། ལྷོ་བོད་འདུན་འཆིང་གི་དན་མཐའ་ལྷོ་ཕྱོགས་བཙན་པོ་ནས་སོར་གནང་བྱུང་ཡང་། བྱང་ཕྱོགས་བཙན་པོ་ནས་གཏམ་སར་གྱི་བཀོད་པ་དུ་མ་ཞིག་ཙམ་འདུག་པས་དེ་དག་གི་དོགས་པ་གཅོད་པ་དང་ཟུང་འབྲེལ་དུ་རྟ་པོའི་ཁ་ལོ་བསྒྱུར་བ་དགོས་ཚུལ་ནན་བསྐྱར་འབྱོར་བར་བརྟེན། ཧོར་ཟླ་དགུ་པའི་ཚེས་ལྔར་ཆིབས་བསྒྱུར་གནང་ཉིན་གཞུང་ས་ནས་ཀྱང་མོན་ཤར་གྱི་དོན་རྣམས་ཆོད་པའི་ཆོད་ཡིག་གནང་བར་ཕེབས་པར་འགབ་ཚུལ་ཀྱང་འབྱོར། རིམ་གྱིས་དཔལ་འཁོར་ཆོས་སྡེར་ཕེབས། མཁན་ཆེན་ཀུན་སྤངས་པའང་ལོ་གསུམ་བཅད་རྒྱ་མཛད་བཞིན་པ་དང་མཇལ། རྒྱལ་དབང་མཆོག་གི་སྨན་བླ་མཆོད་ཆོག་ལྗགས་འཁྲིགས་དང་མཐུན་པའི་སྐུ་བརྙན་རྣམས་བལ་པོ་སྤི་ལ་ཇུས་གསེར་ཟངས་ལས་བཞེངས་པ་དཔལ་འཁོར་ཆོས་སྡེརསྡར་གནང་འདུག་པ་གཙོར་སྨོས་གཙུག་ལག་ཁང་ལ་རབ་གནས་རྒྱས་པར་སྩལ། བལ་པོ་བཟའ་མི་རྣམས་ཀྱིས་བཟོ་ཕུད་དུ་བཞེངས་པའི་འཇམ་དབྱངས་ཀྱི་སྐུའི་གཙོས་པའི་འབུལ་བ་རྒྱ་ཆེར་བྱུང་། གངས་རུ་སྒང་མཁར་ཆོས་སྡེ། ལ་ཕྱི་དགོན། ཕག་རི་རྣམས་སུ་དབང་བཀའ་ཆོས་སྦྱིིན་གནང་ནས།