R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༦༥
[A:༤༦༥]བཅའབཅས་སྒར་བཞུགས་ནས་འཆིང་གཞུག་གི་སྤྲོད་ལེན་དང་མཇུག་སྡོམ་ཆོད་ཡིག་གནང་ཞིང་ཆིངས་འདུམ་བསྐོར་མཐར་ཕྱིན་པར་མཛད། དེ་སྐབས་ཀྱང་དད་ལྡན་སེར་སྐྱ་དུ་མར་ཆོས་སྦྱིན་སྩལ་བ་དང་། དད་འབུལ་ཡང་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་ཆིབས་འཁོར་ཏེ་གདན་སར་ཕེབས་ཉེ་ཚེ་རིགས་སྲས་ཁྲི་རིན་པོ་ཆེས་གཙོས་པའི་སེར་སྐྱ་དམངས་མིའི་ཕེབས་བསུའི་བཀོད་པ་དང་བཅས་བཞི་ཐོག་ཆོས་ཀྱི་ཕོ་བྲང་དུ་ཕེབས། མངའ་ཞབས་ལྷ་སྡེ་མི་སྡེ་བཅས་པར་གནང་སྐྱེས་དང་། མགོན་ཁང་རྣམས་སུ་གཏང་རག་གི་བསྐང་གསོ་གནང་གྲུབ་བསྟུན། ཤར་ལ་ཆིབས་བསྒྱུར་མཛད་ཚེ། སློབ་དཔོན་རིན་པོ་ཆེས་གསང་བའི་ལུང་བསྟན་གབ་རྒྱ་ཅན་ལས། པེ་དཀར་གླིང་དུ་རྒྱལ་པོའི་རྩེ་མདོས་དང་༔ གནོད་སྦྱིན་མཆོད་ཅིང་བྱང་ཤར་མཚམས་སུ་གཏོང་༔ སྔགས་པ་བརྒྱ་ཡིས་ཟོར་འཕང་དྲག་བསྔགས་བཟླས༔ དགེ་འདུན་བརྒྱ་ཡིས་བདེན་ཚིག་བརྗོད་པ་ན༔ བསམ་ཡས་རྗེ་དཔོན་དགྲ་ལས་རྒྱལ་བར་འགྱུར༔ མཐའ་ཡིས་དམང་ཀྱང་ལོ་ནུར་ཟླ་ནུར་འགྱུར༔ ཞེས་པའི་ལུང་བསྟན་དུས་བབས་ཀྱིས། རྒྱལ་དབང་སྐུ་ཞབས་ནས་ཀྱང་བསམ་ཡས་ཆོས་སྐྱོང་གི་ལུང་བསྟན་དུ་ས་སྐྱ་ཞབས་དྲུང་གིས་ལྷ་སར་རབ་གནས་དང་། བསམ་ཡས་སུ་ཕུར་བཟློག་རབ་གནས་བཅས་ཁྲ་འབྲུག་ཏུ་རབ་གནས་རྣམས་མཛད་ན་བོད་སྤྱིའི་བདེ་