[A:༤༦༦]ཐབས་ལ་ཕན་གསུངས་པ་བྱུང་བས་ཐུགས་ཁུར་བཞེས་དགོས་ཕེབས་པ་ལྟར།
དགུང་གྲངས་ཞེ་གཉིས་པ་མཆུ་ཟླའི་ཉེར་གཅིག་ལ་ཆིབས་བཏེག། ལམ་བར་གྱི་གདུལ་བྱ་རྣམས་རྗེས་སུ་འཛིན་བཞིན་པས་ཟླ་བ་གཉིས་པའི་ཚེས་བརྒྱད་ཉིན་གཞུང་ས་ནས་ཕེབས་བསུ་སོགས་སྔར་ལུགས་བཞིན་གྱི་ལྷ་སར་ཕེབས། ཕྱི་ཉིན་ཡང་བསུ་བ་དང་བཅས་པོ་ཏ་ལར་སྤྱན་དྲངས། སྡེ་སྲིད་ཀྱང་གཟིམ་ཆུང་འགག་ཏུ་ཕེབས་བསུར་བྱོན་པ་བཅས་ནས་མཇལ་སྤྲོ་ཡུན་རིང་གནང་། ཚེས་བཅུ་གཅིག་གི་ཉིན་ཇོ་བོའི་སྐུ་མདུན་དུ་ཀྱཻ་རྡོར་ལ་བརྟེན་པའི་རབ་གནས་སྨིན་རྒྱས་བསྩལ་བའི་ཡོན་སྒོའི་སྐུ་ཚབ་དུ་བཀའ་བློན་རྟར་མདོངས་པ་དང་། དྲུང་ཡིག་དར་རྒྱས་བཀྲ་ཤིས་གཉིས་བྱོན། སྟོན་མོ་དང་ལེགས་འབུལ་ཟུར་གནང་བཅས་ཕལ་པའི་བློར་མི་ཤོང་བ་དང་། བཅུ་གསུམ་ཉིན་རྒྱལ་དབང་སྐུ་ཞབས་སུ་ཞབས་པད་བརྟན་བཞུགས་རྒྱས་པར་ཕུལ་ཞིང་། དམར་པོ་སྐོར་གསུམ་མགོན་པོ་ཆེ་ཆུང་སོགས་ཀྱི་འཁོར་ལོའི་ཕྱག་ལེན་གསལ་བྱེད་ཀྱི་ལྗགས་ལུང་སོགས་གསན། པོ་ཏ་ལ་དང་ལྷ་སའི་རྟེན་མཆོག་རྣམས་ལ་མཆོད་མཇལ་ཞིབ་པ་སྨོན་ལམ་ཕུར་ཚུགས་གནང། ཚེས་བཅུ་དགུར་རྒྱལ་དབང་སྐུ་ཞབས་ནས་བཞུགས་གྲལ་གནང་ཐོག་སྔོན་མར་ལེགས་པོ་དང་། ད་དུང་བོད་ཁམས་སྤྱི་རིམ་དུ་