[A:༤༦༧]བསམ་ཡས་སུ་ཕུར་སྒྲུབ་ཞག་བདུན། ཕུར་ཟློག་ཞག་གསུམ། རབ་གནས་ཉིན་གསུམ་མ། ཁྲ་འབྲུག་ཏུ་རབ་གནས་ཉིན་གསུམ་མ་ཞིག་གནང་དགོས་ཚུལ་སོགས་ཀྱི་ཉེར་མཁོའི་ཡོ་བྱད་དང་། གནང་སྐྱེས་ཟུར་བསྩལ་བཅས་རྒྱ་དཔངས་ཆེ་བ། སྡེ་སྲིད་སྐུ་ཞབས་ནས་ཀྱང་སྟོན་མོ་འབུལ་བ་རྒྱ་ཆེན། སྐུ་ཞབས་གྲྭ་ཚང་གིས་གཙོས་པའི་བླ་དཔོན་དད་འདུས་ཀྱི་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་བྱུང་། ཚེས་ཉི་ཤུ་ལ་ཕེབས་སྐྱེལ་དང་བཅས་ཆིབ་བཏེག་སྐྱིད་ཆུ་ཁ་ནས་ཕེབས་སྐྱེལ་བ་རྣམས་ལ་གནང་ཆ་བཅས། ལྷོ་བརྒྱུད་དུ་ཕེབས་ལམ་གྱི་ཞབས་ཕྱིར་སྐུ་ཚབ་སྟོད་ལུང་གྲོས་ཆུང་བ་དང་། ཀོང་པོ་ཚ་བར་ཨ་བོ་གཉིས་རྫོང་བདའ་གནང་བ་དང་ལྷན་ཅིག། ཉེར་གཉིས་ཉིན་བསམ་ཡས་ལྷ་མིའི་ཕེབས་བསུ་རིང་ཐུང་སོགས་སྔར་བཀོད་ལྟར་ཕོ་བྲང་གོང་དུ་ཕེབས། ཉེར་གསུམ་ཉིན་ལྕོག་གི་རྩེར་ལྷ་བསངས་གནང་། ཆོས་སྐྱོང་དཔོན་སློབ་སྐུ་ཕེབས་དང་ཕེབས་བསུ་ལྷ་རྒྱལ་བསྐུལ་བ་སོགས་སྔར་བཞིན་དང་། རྗེ་ཉིད་ནས་ཀྱང་སྒྲོན་དར། ཇ་ཕུད། གསེར་ཕུད། དབུ་འཆིངས། ཁྲབ་གདན། ཞབས་རྒྱན་ཞབས་སྒྲོགརོག་ཁྲབ་རྨོག ཕྱག་རལ། ཞགས་པ། སྟག་གཟིག་སོགས་ཀྱི་མགོ་བརྙན་བཅུ་གསུམ། གསེར་ཟངས་ཀྱི་རྒྱལ་མཚན་བཅུ་གསུམ། ཟུར་བཞི་ལ་དྲིལ་བུ། མཎྜལ། ལྷ་རྟ་སྒ་བཅས་སོགས་སྤྱན་གཟིགས་རྒྱ་