[A:༤༦༨]ཆེར་བསྩལ། ཆོས་སྐྱོང་ཆེན་པོ་ནས་ཀྱང་ཕེབས་ལམ་གེགས་འཚེ་མེད་པ་ནས་གདུག་འདྲེས་བསྐུལ་མ་བྱས་པ་བཞིན་ལྷ་སར་རབ་གནས་ཚུགས་པ་ལེགས་ཚུལ་སོགས་ཞིབ་ལྷུག་དང་། རྗེ་ཉིད་ནས་ཀྱང་ལྕོག་གི་ཉམས་གསོ་རྟེན་འཛུགས་སོགས་སྒྲུབ་དགོས་དེ་བཞིན་ཡིན་ནའང་ལྷོ་བོད་སེམས་ཅན་བདེ་ཐབས་སུ་འགྲོ་དགོས་ཤར་བར་ཡུན་འགྱང་ཙམ་སོང་ཡང་། རྩ་བརྒྱུད་བླ་མ་ལྷ་དང་ཁྱེད་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་མཐུས་ལེགས་རབ་བྱུང་ཚུལ་སོགས་ལྷ་མི་བཀའ་མཆིད་ནང་བཤིན་པར་གནང།
དེའི་ཕྱི་ཉིན་ནས་ཕུར་སྒྲུབ་ཀྱི་བཅའ་གཞི་ཚུགས་པ་ནས་སྐུ་འཚམས་གནང་ཉིན་བསམ་ཡས་ཀྱི་མཐའ་ཕྱོགས་ཆར་རྒྱུན་དང་བཅས་པའི་སྤྲིན་གྱིས་ཁེབས་ཀྱང་། སྐུ་འཚམས་མ་གྲོལ་བར་ཆར་པ་གཏན་ནས་མ་བྱུང་། རིམ་པས་ཕུར་བཟློག རབ་གནས། བྱང་ཤར་མཚམས་སུ་མདོས་རྫོང་བར་ཁང་སྟེང་དུ་བརྟེན་མདོས་འཛུགས་པ་སོགས་ཞིབ་རྒྱས་འཕྲལ་སེལ་དང་། ཀླུ་གཉན་ས་བདག་རྣམས་ལའང་ཀླུ་གཏོར་བཀའ་སྒོ་སོགས་གནང་བར་བརྟེན། འདི་ལོ་ལོ་ཏོག་ཀྱང་ཕུན་སུམ་ཚོགས་པ་བྱུང་། ཆོས་སྐྱོང་ཆེན་པོ་ནས་ཀྱང་རྟེན་འཛུགས་སོགས་གྲུབ་པར་ལེགས་སོ་རྒྱ་ཆེར་ཕུལ། ཁྲོམ་ཚོགས་ལ་ཚེ་དབང་གནང་།
ཟླ་བ་གསུམ་པའི་ཉེར་བཞིར་ཁྲ་འབྲུག་ཏུ་ཆིབས་བསྒྱུར་ནས་