R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༧༢
[A:༤༧༢]བཏིང། ལྕོག་ནས་ཞགས་པ་ཞིག་དེའི་ཁར་བརྐྱངས། སང་སྐུ་ཕེབས་སྐབས་བསྡུ་བར་མཛད་སོང་བས། གསང་བའི་དགྲ་བོ་ཞིག་ཚེ་འཕོས་པའི་བསྔོ་རྟེན་འབུལ་མི་འབྱོར་བས་དེ་ལ་བལྟ་བར་འདུག་གསུངས་། དེ་སྐོར་ཆོས་སྐྱོང་ནས་བཀའ་ཞིབ་བགྲོས་དང་རྟེན་འབྲེལ་རྒྱ་ཆེར་བསྒྲིག་པར་མཛད། སྐྱ་སེར་ཁྲོམ་ཚོགས་ལ་དབང་བཀའ་བྱིན་རླབས་སོགས་སྐུ་དྲིན་རྒྱ་ཆེར་བསྩལ། དགས་པོ་གྲྭ་ཚང་ནས་གསན་དྲངས་འབུལ་བ་སོགས་གཟབ་རྒྱས་ཞུས། གོང་དཀར་དུ་ཕེབས་ཏེ་ལི་མ་ལྷ་ཁང་དུ་བཞུགས། ནང་སོ་ལྷུན་གྲུབ་རབ་བརྟན་པས་འབུལ་བར་རྒྱ་ཆེར་ཞུས། བཀའ་ལས་ཁྱེད་རང་སྔར་ཕན་ཆོས་སྡེ་འདི་ཁའི་སྦྱིན་བདག་ཡིན་འདུག་གཤིས་དེ་ལས་མི་གཡོ་བ་དགོས་ལུགས་ཕེབས་པ་དང་། ཁོང་པས་ཀྱང་དེང་སང་ཕན་ཆད་ཤི་གསོན་གྱི་སྐྱབས་གནས་ས་ལུགས་ཡིན་ཞིང་ད་དུང་ཡང་ཞུ་ཟེར་བའི་དམ་བཅའ་སྐྱབས་འཇུག་ཕུལ། སྐྱ་སེར་ཁྲོམ་ཆེན་ལ་དབང་བཀའ་བསྩལ། ཁྱད་པར་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུ་གདུང་རིལ་པོ་བཞུགས་པའི་དངུལ་གདུང་མཇལ་བར་མཛད་ཚེ། འདུ་ཁང་ནས་རིང་བསྲེལ་ཞིག་སྒྲ་དང་བཅས་ཏེ་སྐུ་པང་དུ་བབས། རིམ་གྱིས་ཕེབས་ཏེ། ཡར་འབྲོག་སྡེ་པ་བགྲེས་གཞོན་ཐུགས་ནང་མ་གཤིན་པ་ལུགས་ལེགས་དགོས་ཚུལ་དམ་ཚིག་གི་སྒྲེལ་བའི་