R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༧༣
[A:༤༧༣]ཆེད་དུ་ཀྱཻ་རྡོར་རྒྱུ་ལམ་གྱིས་དབང་གནང་བས་དེ་ཕྱིན་ནང་གཙང་དུ་གྱུར། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་ཀྱང་འབུལ་ནོད་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དེ་ཕྱོགས་སེར་སྐྱ་བགྲང་ལས་འདས་པ་ཐར་པའི་གོ་འཕང་ལ་བཀོད། ངོར་དུ་ཕེབས་ལམ་ཕེབས་བསུ་བ་ཕྱག་དབང་ཞུ་མི་མང་པོའི་ནང་ནས་བུད་མེད་གཅིག་གི་མཐོང་སྣང་ལ་རྗེའི་ཆིབས་གཞོགས་གཡས་གཡོན་ན་སྤྱང་འདྲ་བའི་སེམས་ཅན་འཇུག་མ་རིང་པོ་ཅན་གཉིས་འདུག་པ་མཐོང་བས་བྲེད་ནས་བརྒྱལ་བའི་གནས་ཚུལ་རིམ་གྱིས་སྙན་དུ་དྭངས་བར། ངོར་པའི་ཕེབས་བསུ་བ་རྣམས་དང་ལྷན་ཅིག་དཔལ་མགོན་ཞལ་ཡང་ངེད་བསུ་བ་ལ་ཕེབས་པ་ཡིན་འདུག་གསུངས་པ་དེ་སྐབས་དཔལ་མགོན་དངོས་སུ་གཟིགས་པ་ཡིན་འདུག ངོར་ཁང་གསར་བླ་བྲང་དུ་བཞུགས། བླ་བྲང་སོ་སོ་ནས་ཀྱང་འབུལ་ནོད་རྒྱ་ཆེར་ཕུལ། སེར་སྐྱ་བགྲང་བ་བཀའ་བ་ལ་ཆོས་སྦྱིན་དབང་བཀའ་གནང་། རིམ་གྱིས་ཤབ་དགེ་སྡེངས་བརྒྱུད་ནས་ཕེབས འདི་རེས་ཀྱང་ཕེབས་ལམ་གྱིས་རིས་མེད་ཆོས་སྡེ་སེར་འབྲས། ཡར་ལུང་བཀྲ་ཤིས་ཆོས་སྡེ། རས་ཆུང་ཕུག། ཡར་ལུང་ཤེལ་བྲག རྩེ་ཚོགས། གྲ་ཕྱི། སྡིངས་པོ་ཆེ། སྒྲུབ་སྡེ་ནམ་མཁའ་མཛོད། གདུང་ཕུད་ར་བ་སྨད། དྭགས་པོ་གྲྭ་ཚང་། གོང་དཀར་རྡོ་རྗེ་གདན། ཐར་གླིང་། རྒྱལ་རྩེ་དཔལ་འཁོར་ཆོས་