[A:༤༧༤]སྡེ། བརྩེ་ཆེན། ངོར་ཨེ་ཝཾ། ཌ་ཊི་ཆོས་རྫོང་སོགས་ལ་མང་འགྱེད་རྒྱ་ཆེར་སྩལ་ཏེ་ཐུགས་དགོངས་སྤྲོ་བཞིན་པའི་ངང་ནས་གདན་ས་ཆེན་པོར་ཕེབས་བསུའི་བཀོད་པ་སྔར་རྒྱུན་བཞིན་བཅས་བཞི་ཐོག་ཕོ་བྲང་དུ་ཕེབས། ལྷ་མི་མཐའ་དག་ལ་གཏང་རག་དགའ་སྟོན་ཕུན་སུམ་ཚོགས་པ་སྩལ། ཐུབ་བསྟན་ཡངས་ཅན་མཁན་པོ་ཤཱཀྱ་བཟང་པོའི་ཞུས་ངོར་ཆོས་སྡེ་ལྷོ་བྱང་རགས་བསྡུས་བཅས་ལ་གསུང་ངག་རིན་པོ་ཆེའི་གཞུང་རྒྱས་པ་ཆ་ལག་གཙོ་བསྡུས་བཅས་གནང།
ཟླ་བ་བརྒྱད་པའི་ནང་ལྷོ་བོད་ཕན་ཚུན་མི་ནོར་གཏེའུ་འཛིན་སོགས་བསློགས་པ་དང་། ཟློས་རྩ་རྣམས་གཅོད་འདོམས་ལ་ཕེབས་ཏེ་ནོད་འཇགས་སུ་མཛད་ནས་ཆིབས་འཁོར།
དགུང་གྲངས་ཞེ་གསུམ་པར་ཆོས་ཀྱི་རྗེ་བྱམས་པ་ངག་དབང་བསྟན་པ་རབ་རྒྱས་གདན་དྲངས་ནས་གསུང་ངག་སློབ་བཤད་སྣང་གསུམ་ཞིབ་རྒྱས་གསན། སྔགས་ལམ་ཚུགས་ཉེ་བ་ནས་དཔོན་སློབ་རྣམས་བྱས་འགྱུར་དུ་ཕེབས་ཏེ་རྒྱུད་གསུམ་གསན་པ་གེགས་མེད་དུ་གྲུབ། སྟོན་དགུན་རིགས་སྲས་འཇམ་པའི་དབྱངས་ཀྱིས་གཙོས་ཕྱོགས་འདུས་ཀྱི་དགེ་བའི་བཤེས་གཉེན་དུ་མར་ཆོས་འཁོར་བར་མེད་དུ་བསྐོར། སྐྱེད་ལྷས་སུ་བཞུགས་པའི་དཔལ་མགོན་བྲམ་གཟུགས་ཀྱི་སྐུ་བརྙན་དང་། གཙོ་བོ་དུས་གསུམ་སངས་རྒྱས་