R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༧༥
[A:༤༧༥]ཅན་གྱི་གོས་ཐང་ཆེན་མོ་ཡང་བཞེངས་པའི་འགོ་བཙུགས། དགུང་གྲངས་ཞེ་ལྔ་པར་གོས་ཐང་ཆེན་མོ་རབ་གནས་བཅས་གྲུབ། ཀྱཻ་རྡོར་ནག་པོ་ལུགས་ཀྱི་སྐུ་གསུང་ཐུགས་སྙིང་པོ་ཀྱཻ་རྡོ་རྗེ་དཀྱིལ་འཁོར་བཞིར་ཕྱེ་བའི་དབང་རྒྱུན་དེ་ཉིད་ངོར་དུ་བར་སྐབས་ཆད་པ་འདི་ལོ་ངོར་མཁན་པོ་ལྷུན་གྲུབ་དཔལ་ལྡན་པ་ལ་རྒྱུན་གསོ་བའི་ཕྱིར་གནང་བ་སོགས་གཞན་ཡང་དབང་ལུང་གི་རྒྱུན་རྒྱ་ཆེར་སྤེལ། ཆོས་སྐྱོང་སྐོར་གྱི་སྐུ་ཐང་ཆེ་ཚད་བདུན་བཀོད་པ་གནང་བ་ཡང་གྲུབ། དེ་ཕན་གྱི་རྟེན་གསར་བཞེངས་རྣམས་ལ་མགོན་པོ་ལ་བརྟེན་པའི་རབ་གནས་ཞག་བདུན་མ་ཞིག་གནང་བའི་མཚན་ལམ་དུ། ཡབ་རྗེ་རིན་པོ་དེ་ཉིད་སྐུ་ཟིལ་ཆེ་ཞིང་སྐུ་གཟན་སེར་པོའི་ཐུ་བ་ཤིང་ཏོག་གིས་བསྐང་པ་ཞིག་བསྣམས་ཏེ། ཁྱེད་ཀྱི་རྟེན་འདི་རྣམས་ལ་རབ་གནས་བྱས་པ་ཡིན་ནམ་གསུངས་བྱུང་བར་ཡིན་ལགས་ཞུས་པས་དེ་ལེགས་འདུག་གསུངས་ཏེ་ཤིང་ཏོག་ནས་རྟེན་རྣམས་ལ་འཐོར་བ་མཛད་པའི་ཐུགས་སྣང་ཤིན་ཏུ་གསལ་བར་བྱུང་བ་ནི་གདན་ས་འདི་ཉིད་ཀྱི་ཕྲིན་ལས་རྒྱས་པའི་རྟགས་སུ་མངོན། ཡང་གོང་མ་རྣམ་ལྔ་སྒྲོལ་དཀར་ནོར་ལྷ་སོགས་རྩ་གསུམ་འགའ་ཞིག་གི་ཞལ་ཐང་དགུ་གྲས་བཞེངས་ཏེ་དབང་ཁང་དུ་བཞུགས་སུ་གསོལ། དགུང་གྲངས་ཞེ་དྲུག་པར་རྟེན་བཞེངས་དང་བཀའ་ཆོས་