[A:༤༧༦]གནང་བར་ལྔར་ལས་ཐུགས་རྩོལ་ཆེ་བར་མཛད། ཆོས་གཞིས་མངའ་འབངས་ཀུན་ལའང་གདན་ས་འདི་ཉིད་ཀྱིས་གཙུག་ལག་ཁང་གི་ཉམས་གསོའི་ལས་སྣེ་དུ་མ་བྱེད་དགོས་སྟབས་སྨོན་རྔོད་མ་གཏོགས་ཁྲལ་རིགས་གཏན་མེད་ཀྱི་བཀའ་ཤོག་རྒྱལ་དབང་མཆོག་ནས་གནང་བ་སོགས་སྡེ་བསྟན་པ་བཅས་ལ་རྗེ་འདི་ཉིད་ལྷག་ཏུ་སྐུ་དྲིིན་ཆེ་བ་ལྟ་བུ་བྱུང།
དགུང་གྲངས་ཞེ་བདུན་པར་ཟངས་ལྡན་མཁན་པོས་ཞུས་ངོར་ཆོས་སྡེ་ལྷོ་བྱང་གི་དགེ་འདུན་མང་པོ་དང་བཅས་ལ་གསུང་ངག་རིན་པོ་ཆེ་བཀའ་དྲིན་གནང་། བཞི་ཐོག་བླ་བྲང་གིས་རྟེན་དང་བརྟེན་པ་བཞེངས་པའི་མཇུག་སྒྲིག་མཚམས་རབ་གནས་དང་། ལས་རྒྱབ་པ་བཟོ་རིགས་སོགས་ལ་དགའ་སྟོན་གནང་སྦྱིན་རྒྱས་པ་བསྩལ། སྟོན་ཀ་ཡབ་རྗེ་རིན་པོ་ཆེའི་སྐུ་དུས་ཀྱི་སྔགས་ཐང་ཆེན་མོའི་ལུགས་ཀྱི་སྔགས་ཐང་གྲས་མཚུངས་ཀྱིས་དབུ་བཙུགས། གསང་བའི་མགོན་ཁང་། མགོན་ཁང་ནུབ། ཤབ་དགེ་སྡིངས་ཀྱི་གནས་བཅུ། ཌ་ཌི་མགོན་ཁང་། ཁྲུ་མ་ལྷ་ཁང་། སྒྲོལ་མ་ལྷ་ཁང་རྣམས་ཀྱི་ཉམས་གསོ་མཐིལ་ཕྱིན་མཛད། ཧོར་ཟླ་དགུ་པའི་ནང་བསམ་ཡས་ཆོས་སྐྱོང་ཆེན་པོ་ནས་ཡང་བསྐྱར་རྡོ་རྗེ་ཕུར་པའི་སྒྲུབ་པ་དང་གཏོར་བཟློག་ལ་འབད་པ་གལ་ཆེ། བསྟན་པ་དང་སྡེའི་སྐྱིད་སྡུག་དེ་ལ་རག་ལས་པ་ཡོད་དོ་གསུངས་པས། ལུང་བསྟན་ལེགས་རྒྱུ་