[A:༤༧༧]རང་མི་འདུག་དགོངས་པས་སྤྱན་གཟིགས་དང་བཅས་བསྐྱར་ཞུས་མཛད་པས་གསལ་དོད་རང་མ་བྱུང་ཡང་། དགོན་ཆེ་ཕྲ་མང་པོར་མང་བསྐོལ། བཀའ་འགྱུར་ཀློག་སྒྲོག མདོ་སྒྲོལ་ཚེ་གཟུངས་འབུམ་ཐེར། རྣམ་རྒྱལ་སྟོང་མཆོད་གྲངས་མངས། རྗེ་ཉིད་ཀྱི་ཟོར་ལས་མཛད་པའི་ཕུར་བཟློག་དང་། མགོན་པོའི་གཏོར་ཟློག་སྒྲོལ་དཀར་ཚེ་བསྙེན་བདུན་ཕྲག་གསུམ། སྡེ་དམངས་ལ་སྦྱིན་གཏོང་གྲོང་ཁལ་ཐོབ་རྩིས་སོགས་སྐུ་རིམ་རྒྱ་ཆེར་མཛད། འབྲུག་ཐམས་ཅད་མཁྱེན་པ་ཞལ་མཇལ་ཆོས་ཞུར་བྱོན་པར་དུད་གསོལ་སྐོར་སོགས་ཟབ་ཆོས་མང་དུ་སྩལ།
དགུངས་གྲངས་ཞེ་བརྒྱད་པ། ལྷ་ཁང་ཆེན་མོའི་རྒྱ་མཐོང་གི་ཟངས་དྲ་སོགས་ལ་ཐུགས་སྩོལ་དང་ཆོས་སྦྱིན་ཀྱང་རྒྱ་ཆེར་གནང་། ཆོས་སྡེ་ལྷོ་བྱང་རྣམས་ན་བར་སྐབས་སུ་བསྙེན་རྫོགས་མ་ཐོབ་པ་ཡོད་རིགས་ལ་འདི་ལོ་ཐུགས་རྩོལ་གྱི་ལས་གྲལ་བསྒྲིགས་པར་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད། མཁན་ཆེན་ངག་དབང་ཀུན་རྒྱལ་སྐུ་གཤེགས་པའི་རྗེས་ཐོག་ཏུ་བསྟན་པའི་གསལ་བྱེད་ཆེན་པོ་བྱམས་པ་དོན་གྲུབ་ལེགས་བཟང་ཉིད་ཐུབ་བསྟན་ལྷ་ཆེན་གྱི་ཆོས་ཁྲིེར་མངའ་གསོོལ། ཟུར་སྦུག་བླ་མས་ཞུས་པར་བརྟེན་བསྐལ་བཟང་འགའ་ལ་ཆོས་འཁོར་རྒྱ་ཆེར་སྐོར། དེ་ལྟར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་རྣམས་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་