[A:༤༧༨]གང་གང་གསན་པ་ནས་བཟུང་གསན་དོན་སྙིང་པོར་དྲིལ་བའི་རྒྱུན་གྱི་ཉམས་བཞེས་ལའང་། ཐོ་རེངས་ལྷག་པའི་ལྷའི་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ནས། ཞལ་གྱི་ཚེ་སྒུབ་གུར་བདུན་མ་ནས་བཟུང་། བླ་མའི་རྣལ་འབྱོར་དང་ཡི་དམ་གྱི་བདག་བསྐྱེད་བཅུ་ཕྲག་ལྷག་པ། ལམ་འབྲས་བརྒྱུད་པའི་གསོལ་འདེབས་དང་།
གོང་མ་ལྔ་བསྟོད་སོགས་བླ་མ་བརྒྱུད་པའི་གསོལ་འདེབས་རིགས་བཅུ་གཅིག་ཙམ་དང་། ཡབ་རྗེ་རིན་པོ་ཆེའི་གསོལ་འདེབས་འཇམ་དབྱངས་རིགས་ཐིག་མའི་ཤོ་ལོ་ཀ་དང་པོ་བརྒྱ་ཚར་དང་ཡོངས་རྗོགས་ཆར་རེ། སྒྲོལ་མའི་མཚན་རྒྱ། ཀྱཻ་རྡོར་བསྟོད་པ། དཎྜ་ཀ་རྣམས་དང་། གཏོར་མ་བརྒྱ་རྩ། དབྱུག་གུ་མ། འབྱུང་བཞི་གཏོར་མ། ཤེར་སྙིང་བདུད་བཟློག་ཚར་གསུམ་རེ། བཤགས་པ་སྨོན་ལམ་ཐུགས་བྲེལ་དང་བསྟུན། ཕུར་ཆུང་གཏོར་བསྔོ་ཆོས་སྐྱོང་རྣམས་ལ་གསུང་བསྐང་རྒྱས་བསྡུས་སྐབས་བསྟུན། བེག་ཙེ་ལྕམ་དྲལ་གྱི་བསྐང་གསོ་དང་། དགོངས་ལོ་ལམ་དུས་འབྲིང་པོ། ཞལ་གྱི་ཚེ་སྒྲུབ། རྡོ་རྗེའི་བྲག་རྫོང་མ། འཇིགས་བྱེད། ལམ་ཟབ་ནང་མ། གཤིན་རྗེ་ཚེ་བདག་གི་བཟློག་པ་རྣམས་དང་། གཞན་ཡང་སྐབས་གསེང་རྣམས་སུ་མཆོག་མཐུན་གྱི་ཡི་དམ་དུ་མའི་བསྐྱེད་རྫོགས་ལྗགས་བཟླས་བར་མེད་དུ་གནང་། དོན་དུ་རིགས་ཀུན་བདག་པོའི་ཡེ་ཤེས་བརྙེས་པའི་ཚུར་མཐོང་གིས་སྣང་ངོར་མ་