[A:༤༧༩]ལྟོས་ཀྱང་། གདུལ་བྱ་རྣམས་ཡིད་དྲངས་པའི་ཕྱིར་ངེས་གསང་རྒྱུད་སྡེའི་ལམ་རྟགས་དང་མཐུན་པའི་མངོན་མཁྱེན་དང་གྲུབ་པའི་མཚན་མ་བརྙེས་པའི་ཚུལ་ཡང་གོང་དུ་འགའ་ཞིག་བསྟན་པ་ལྟར་དང་གཞན་ཡང་གོང་དཀར་དུ་ནང་པ་དཔལ་གླིང་པའི་ཞལ་ངོ་མ་ཆེན་གྱིས་འབུལ་ཆེན་ཕུལ་ཏེ་བདག་རྒས་པས་ད་ནི་མི་འཇལ་ཞེས་སྨྲེ་སྔགས་བཏོན་པས། སྐྱོན་མེད་ལོ་བཞི་ནས་འཕྲད་འོང་གསུངས་པ་དེ་ཁོ་ན་ལྟར་བྱང་ཐང་བཀྲ་ཤིས་གླིང་དུ་མཇལ་བ་དང་ཡར་འབྲོག་སྣ་སྐར་བའི་རྒད་པོ་ཞིག་ནད་དྲག་པོའི་འཆི་བར་ཐུག་པའི་ཚེ་འབུལ་བ་དང་བཅས་བདག་འཆི་བར་འདུག་པས་ཐུགས་རྗེས་འཛིན་དགོས་ཞུས་པས། དོགས་སེལ་གྱི་རིམ་གྲོ་འདི་རྣམས་ཀྱིས་དང་མི་ཡུལ་སྤང་མི་དགོས་ཕེབས་པ་ལྟར་ནད་ལས་གྲོལ་བས་བཀའ་ཤོགས་དེ་གཞན་ལ་བསྟན་ནས་བླ་མ་ཟེར་ན་ས་སྐྱ་པ་ཡིན་མོད། ང་རང་འཆི་ཐག་ཆོད་པ་ལ་མངོན་མཁྱེན་འདི་འདྲ་ཟེར་བ་བྱུང་བ་དང་། ཕྱུག་པོ་སྟོད་ལུང་པའི་རྒད་པོ་ལོང་བ་ཞིག་ལ་མིག་ཐུར་འབྱེད་སོགས་མ་བྱེད་པར་གཞོག་དང་རང་བྱེ་འོང་གསུངས་པར། ཁོ་གཡོལ་ཆུང་ནས་མིག་ཡ་གཅིག་གཏན་ལོང་དུ་སོང་ཞིང་། ཡ་གཅིག་རང་ཕྱེ་བྱུང་བ་དང་ཚོང་དཔོན་བསོད་ནམས་མགོན་པོ་དར་མདོར་ཤི་ནས་བང་ཕྱིན་མ་སླེབས་སྐབས་ཚོང་དཔོན་དེ་རྟ་དཀར་པོ་ཞིག་ལ་ཞོན་ཞུ་ལུང་དུ་སོང་བ་མནལ་ལམ་དུ་